R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 105
[A:105]གྲགས་པ་རྒྱལ་མཚན། མཁན་ཆེན་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས། ས་ལོ་འཇམ་པའི་རྡོ་རྗེ། གཉན་ལོ་གྲགས་པ་བློ་གྲོས། རྡོ་རྗེ་འཆང་སངས་རྒྱས་སེང་གེ ཐར་རྩེ་ནམ་མཁའ་དཔལ་བཟང་། རྩེ་གདོང་བདག་ཆེན་བསོད་ནམས་ལྷུན་གྲུབ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན་ལོ་ཆེན་མ་ཎི་ཀ་ཤྲཱི། སྤྲུལ་སྐུ་རྣམ་རྒྱལ། མཁས་བཙུན་ནམ་རྩེ། བླ་མ་པཎྜི་ཏ་མན་གོང་དང་འདྲ། མགོན་པོ་འཁོར་བཅས་ཀྱི་རྗེས་གནང་གི་ཡི་གེ གཏོར་ཆོག བསྐང་གསོ། མངའ་གསོལ། གཏོར་མ་ལ་བརྟེན་པའི་ལས་ཚོགས། བསྲུང་བཟློག་གི་ཡི་གེ་རྣམས་བླ་མ་པཎྜི་ཏས་མཛད་པ། རྐང་པ་བརྒྱད་པ་ཀླུ་སྒྲུབ་ཀྱིས་མཛད་པ་ལོ་ཆེན་ཆོས་སྐྱོང་བཟང་པོས་བསྒྱུར་པ་རྣམས་ཐོས་སོ། ༈ །ཆོས་སྐྱོང་བེག་གདོང་ལྕམ་དྲལ་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། མཧཱ་དེ་ཝ། ཨ་ཙརྻ་ཉི་འོད་གྲགས་པ། སྲས་ཟླ་བ་ནག་པོ། པཎྜི་ཏ་དྷ་ར་ཏྲ་ཤུ། མགར་ལོ་ཙཱ་བ། གནམ་ཁའུ་པ། རྗེ་ས་ཆེན། ཤུད་པུ་བཀྲ་ཤིས་འོད་ཟེར། གྲུབ་ཐོབ་མདར་ཆར། བོ་དོང་བརྩོན་འགྲུས་རྡོ་རྗེ། ཇོ་སྲས་སངས་རྒྱས་རིན་ཆེན། ཤེས་རབ་མཚོ། བླ་མ་བསོད་ནམས་དབང་ཕྱུག ལྕང་སྤེ་བ་སེང་གེ་འབུམ། ཀུན་མཁྱེན་དཔལ་ལྡན་སེང་གེ་བཟང་པོ། རྣམ་གྲོལ་རིན་ཆེན་བཀྲ་ཤིས། རྟོགས་ལྡན་ཡོན་ཏན་མགོན་པོ། བླ་མ་རྡོ་རྗེ་གཞོན་ནུ་དཔལ། མུས་སྲས་པ་རྡོ་རྗེ་རྒྱལ་མཚན། སྒྱི་ཆུ་བ་ཤེས་རབ་རིན་ཆེན། ཕ་ཚར་པ་ཆོས་རྗེ། འཇམ་དབྱངས་མཁྱེན་བརྩེའི་དབང་