[A:106]ཕྱུག གྲུབ་མཆོག་བསོད་ནམས་ཆོས་འཕེལ། རྗེ་དབང་ཕྱུག་རབ་བརྟན། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཚོགས་བདག་དཀར་པོའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། དཔལ་ཕྱག་ན་རྡོ་རྗེ། ཇོ་བོ་ཆེན་པོ། དཔལ་ལྡན་དགོན་པ་བ། སྤྱན་སྔ་ཚུལ་ཁྲིམས་འབར། སྤྲུལ་སྐུ་བྱ་ཡུལ་བ། གཙང་པ་རིན་པོ་ཆེ། ཕ་སངས་རྒྱས་བསྒོམ་པ། ཟོམ་རིན་པོ་ཆེ། ཁམས་པ་ལུང་པ། སངས་རྒྱས་ཇོ་བོ། སངས་རྒྱས་སྟོན་པ། སངས་རྒྱས་བསྒོམ་པ་གསར་མ། རིན་པོ་ཆེ་བཅུ་བཞི་པ། རིན་པོ་ཆེ་ཚེས་བཅུ་པ། སྤྱན་སྔ་གྲགས་ཤེ་བ། ལོ་པ་ཚུལ་དར། རིན་པོ་ཆེ་བསོད་ནམས་ལྷའི་དབང་པོ། རྒྱལ་སྲས་ངག་དབང་ཆོས་གྲགས། རྗེ་ཀུན་དགའ་ཆོས་གྲགས། བླ་མ་ནམ་མཁའ་ཆོས་དར། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཚོགས་བདག་དཀར་པོའི་ལས་མཁན་ཚོགས་བདག་སྤྲེའུའི་གདོང་ཅན་གྱི་མན་ངག་ཟབ་མོའི་ཡི་གེ་རྙིང་མ་ཞལ་ཤེས་དང་བཅས་པ་དཔེ་ཚན་གསུམ་གྱི་ལུང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། སྤྱན་རས་གཟིགས། ཝ་ན་ཏ་བྷ་དྲ། རོ་གླིང་པ། ཐུགས་རྗེའི་དབང་ཕྱུག གྲུབ་ཆེན་ཨུ་རྒྱན་པ། བེ་དགེ་དབུལ་ཉིད། གཞོན་ནུ་དབང་ཕྱུག དཔལ་འབྱོར་གྲུབ། ལྷ་རྗེ་རིན་ཆེན། བླ་མ་དཀོན་མཆོག་རྒྱལ་མཚན། དཀོན་མཆོག་ཚུལ་ཁྲིམས། རིན་པོ་ཆེ་བསོད་ནམས་ལྷའི་དབང་པོ།
འདིའི་བར་དུ་བླ་མ་བརྒྱུད་པ་འགའ་ཞིག་བཙལ།
རྒྱལ་སྲས་ངག་དབང་ཆོས་གྲགས། རྗེ་ཀུན་དགའ་ཆོས་གྲགས། བླ་མ་ནམ་