[A:107]མཁའ་ཆོས་དར། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གདམས་པ་དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱི་ཐུགས་དམ་རྗེ་བཙུན་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་ཐོབ་པའི་རིམ་པ་ནི། སེང་ལྡེང་ནགས་ཀྱི་སྒྲོལ་མ། སྒྲོལ་མ་མྱུར་ཞིང་དཔའ་བ་ལ་བརྟེན་ནས་བགེགས་དང་འཚེ་བ་ཞི་བ། སྒྲོལ་མ་དཀར་མོ་ལ་བརྟེན་ནས་གདོན་བགེགས་ཞི་བ། སྒྲོལ་མ་སེར་མོ་ལ་བརྟེན་ནས་ཚེ་དང་ལོངས་སྤྱོད་འཕེལ་བ། སྒྲོལ་མ་གསེར་མདོག་ཅན་ལ་བརྟེན་ནས་ཚེ་སྤེལ་བ། སྒྲོལ་མ་ཧཱུྃ་སྒྲ་སྒྲོག་པ་ལ་བརྟེན་ནས་དབང་དུ་བྱ་བ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ་བརྟེན་ནས་འབྱུང་པོ་འདུལ་བ། གཞན་འཇོམས་མ་ལ་བརྟེན་ནས་རྦོད་གཏོང་བཟློག་པ། བདུད་དང་དགྲ་འཇོམས་མ་ལ་བརྟེན་ནས་དགྲ་བསད་པ། དཀོན་མཆོག་གསུམ་མཚོན་ཕྱག་རྒྱ་ལ་བརྟེན་ནས་འཇིགས་པ་ཐམས་ཅད་བསྲུང་བ། བདུད་དང་བར་གཅོད་དབང་དུ་བསྡུད་མ་ལ་བརྟེན་ནས་བར་གཅོད་འདུལ་བ། འགུགས་ཤིང་ཕོངས་པ་སེལ་བ་ལ་བརྟེན་ནས་ནོར་བསྒྲུབ་པ། བཀྲ་ཤིས་ཐམས་ཅད་སྦྱིན་མ་ལ་བརྟེན་ནས་བཀྲ་ཤིས་སྤེལ་བ། སྒྲོལ་མ་མེ་ལྟར་འབར་བ་ལ་བརྟེན་ནས་བར་གཅོད་བསྲུང་བ། ཁྲོ་གཉེར་ཅན་མ་ལ་བརྟེན་ནས་བགེགས་ལ་བསྣུན་པ། ཞི་བ་ཆེན་མོ་ལ་བརྟེན་ནས་སྡིག་པ་སྦྱངས་པ། རིག་པ་ཧཱུྃ་ལས་སྒྲོལ་མ་ལ་བརྟེན་ནས་རྩོད་པ་རྒྱལ་བ། འཇིག་རྟེན་གསུམ་གཡོ་བ་ལ་བརྟེན་ནས་བདུད་ཞི་བར་བྱ་བ། དུག་རྣམས་རབ་ཏུ་འཇོམས་མ་ལ་བརྟེན་ནས་ཀླུ་ནད་གསོ་