[A:108]བ། སྡུག་བསྔལ་སེལ་མ་ལ་བརྟེན་ནས་རྩོད་པ་དང་རྨི་ལམ་ངན་པ་ཞི་བ། རིམས་བསྲུང་བ་ལ་བརྟེན་ནས་དལ་ཡམས་ཞི་བ། རྫོགས་བྱེད་སྒྲོལ་མ་ལ་བརྟེན་ནས་འཕྲིན་ལས་ཐམས་ཅད་གྲུབ་པ་རྣམས་ཀྱི་རྗེས་གནང་དང་། ཕྱག་འཚལ་ཉེར་གཅིག་གི་ལུང་དང་བཅས་པ་ཐོབ་པའི་རྗེས་གནང་གི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། ཇོ་བོ་རྗེ། འབྲོམ་སྟོན་པ། པོ་ཏོ་བ། ཤ་ར་བ། འཆད་ཁ་བ། སྐྱེར་སྒང་པ། སངས་རྒྱས་དགོན་པ་བ། འཆིམ་ནམ་མཁའ་གྲགས། ཟེའུ་སྐུ་མཆེད། འཆིམ་བློ་བཟང་གྲགས། གྲོ་ཉེན་ཀུན་དགའ་རྒྱལ་མཚན། མཁན་ཆེན་གྲུབ་པ་ཤེས་རབ། ཀུན་མཁྱེན་རོང་སྟོན་ཆེན་པོ། པཎ་ཆེན་ཤཱཀྱ་མཆོག་ལྡན། བྲག་དཀར་བ་སེམས་དཔའ་ཆེན་པོ་བསོད་ནམས་རྒྱལ་མཚན། བླ་མ་བསོད་ནམས་དཔལ་འབྱོར། སྣུབ་སྒོམ་སྦས་པའི་རྣལ་འབྱོར། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག སྤྱན་སྔ་ཆོས་རྒྱ་མཚོ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཕྱག་འཚལ་ཉེར་གཅིག་གི་ཡི་གེ་རྙིང་པའི་ལུང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། སྒྲོལ་མ། ནག་པོ་པ། ཝ་ཁུ་པཎྜི་ཏ། ཁུ་རྣལ་འབྱོར་པ། ཟུར་ཁང་པ་གཞོན་དབང་། དགེ་སློང་བསོད་ནམས་ལྷུན་གྲུབ། ལོ་མཆོག བློ་ཆེན་སངས་རྒྱས་སྲས། མཁན་ཆེན་རྒྱལ་བཟང་པ། སྤངས་ཁང་པ་གྲགས་པ་དཔལ། མ་ཏི་པཎ་ཆེན། ས་བཟང་འཕགས་པ། སྣར་ཐར་པ་ཀུན་རྒྱལ། བསོད་ནམས་རྒྱ་མཚོ། འཇམ་དབྱངས་ཤེར་རྒྱམ། མཁས་གྲུབ་དཔལ་རྡོར་བ། གྲུབ་ཆེན་པུ་ཎྱ་སིངྷ། རྡོ་རྗེ་འཆང་སྒོ་རུམ་པ། འཇམ་དབྱངས་མཁྱེན་