R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 109
[A:109]བརྩེ་དབང་ཕྱུག རྡོ་རྗེ་འཆང་བསོད་ནམས་ཆོས་འཕེལ། སྤྱན་སྔ་ཆོས་རྒྱ་མཚོ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །བཀྲ་ཤིས་ཚེ་རིང་མཆེད་ལྔའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་རིན་པོ་ཆེ། ཁམས་པ་རྡོར་རྒྱལ། འབྲི་ཁུང་པ། སྤྱན་སྔ་བ། ཡང་དགོན་པ། རིན་ཆེན་ལྡན། ཟུར་ཕུག་པ། འབའ་ར་བ། བདེ་ལེགས་པ། ཀུན་དགའ་དཔལ། རྒྱལ་དབང་རྗེ། ངག་དབང་ཆོས་རྒྱལ། འཇམ་དབྱངས་ཆོས་གྲགས། ཀུན་སྤངས་ཤེས་རྒྱལ། པདྨ་དཀར་པོ། རྗེ་ངག་དབང་བཟང་པོ། དཔག་བསམ་དབང་པོ། སྤྲུལ་སྐུ་ངག་དབང་རིན་ཆེན་བསྟན་འཛིན་དཔལ་བཟང་པོ། བླ་མ་བསོད་ནམས་རྒྱ་མཚོ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཕྱག་རྡོར་ཁྱུང་ཁྲའི་རྗེས་གནང་རྗེ་ཉིད་ཀྱིས་མཛད་པའི་སྒྲུབ་ཐབས་ཀྱི་ལུང་དང་བཅས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྒྱལ་པོ་ཟླ་བ་བཟང་པོ། རྒྱལ་པོ་གྲགས་པ། དུས་ཞབས་པ་ཆེ་ཆུང་། ཏེ་ལོ་པ། ནཱ་རོ་པ། ཕཾ་ཐིང་པ་སྐུ་མཆེད། མལ་གྱོ་ལོ་ཙཱ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། དགའ་ལྡན་པ་ཀུན་བསོད། ཆོས་རྗེ་བྲག་ཕུག་པ། རི་ཁྲོད་པ་བློ་གྲོས་བརྟན་པ། དཔལ་ཚུལ་བ། ངོར་ཆེན་ཀུན་བཟང་། གུ་གེ་པཎ་ཆེན། མཁན་ཆེན་ལེགས་འབྱུང་། རྗེ་ལྷ་མཆོག་སེང་གེ རྗེ་སངས་