R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 9
[A:9]ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཕྱག་ན་རྡོ་རྗེ་འཆི་བདག་འཇོམས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཕྱག་ན་རྡོ་རྗེ། རབ་གསལ་ཟླ་བ། སྒྲ་གཅན་འཛིན། ཀུན་དགའ་སྙིང་པོ། པྲ་ཛྙཱ་ཝ་ལི་ཏ། པྲ་ཛྙཱ་བོ་དྷི། མུ་ཏི་ཏ་ཀོ་ཤྭ། དྷརྨཱ་པཱ་ལ། དྷི་པཾ་ཀ་ར། ཤྲཱི་ཛྙཱ་ན། གོ་མི་སྤྱི་ནོར་ཛྙཱ་ན། གཉལ་པ་ཉི་མ་ཤེས་རབ། སྣུར་ཉི་མ་འོད་ཟེར། སྲས་བཛྲ་སིདྷི། སྣུར་བྱང་ཆུབ་འོད། སྣུར་ཉི་མ་རྒྱལ་མཚན། སྣུར་ཡེ་ཤེས་རྒྱལ་མཚན། སྣུར་ཆོས་འཕགས་རྒྱལ་མཚན། བླ་མ་འཕགས་པ་འོད། ཐམས་ཅད་མཁྱེན་པ་བུ་སྟོན། སློབ་དཔོན་རྒྱལ་མཚན་གྲགས། བླ་མ་དམ་པ་བཀྲ་ཤིས་རིན་ཆེན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། འཇམ་དབྱངས་སངས་རྒྱས་རིན་ཆེན། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། མུས་ཆེན་དཀོན་མཆོག་རྒྱ་མཚོ། རྗེ་ཀུན་དགའ་ཆོས་གྲགས། བླ་མ་དམ་པ་ནམ་མཁའ་ཆོས་དར། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །འཕགས་པ་སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་ལྷ་སོ་བདུན་གྱི་བདག་ཉིད་ཅན་ཀླུ་སྒྲུབ་ལུགས་ཀྱི་དབང་རིགས་གཏད་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག འཕགས་པ་ཀླུ་སྒྲུབ། ཨརྻ་དེ་ཝ། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག ཨ་ཝ་དྷུ་ཏི་པ། ཀུ་ས་ལི་ཆེ་བ། ཀུ་ས་ལི་ཆུང་བ། དཔལ་མར་མེ་མཛད་ཡེ་ཤེས། འབྲོམ་སྟོན་པ། སྤྱན་སྔ་རྣལ་འབྱོར་དབང་ཕྱུག་ཚུལ་ཁྲིམས་