R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 8
[A:8]པ། བྱམས་པ་ཤེས་རབ་རིན་ཆེན། འཁོན་སྟོན་འཇམ་དབྱངས་རིན་ཆེན་རྒྱལ་མཚན། བྱང་སེམས་རྒྱལ་ཡེ། བླ་མ་གྲགས་དཔལ། སྣུར་ཆོས་འཕགས་རྒྱལ་མཚན། ཡང་བརྩེ་བ་རིན་ཆེན་སེང་གེ བུ་སྟོན་རིན་པོ་ཆེ། ཐུགས་སྲས་ལོ་ཙཱ་བ། སྐུ་ཞང་ནམ་མཁའི་མཚན་ཅན། ཆོས་རྗེ་རིན་ཆེན་དཔལ་གྲུབ། མཁྱེན་རབ་རྗེ། བསོད་ནམས་མཆོག་གྲུབ། བྱང་གླིང་པ་བཀྲ་ཤིས་རྒྱལ་མཚན། རྗེ་མཁྱེན་བརྩེ་བ། བླ་མ་དབང་ཕྱུག་རབ་བརྟན། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །འདིའི་ཡིག་ཆའི་ལུང་ཡང་ཐོབ། ༈ །སྤྱོད་པའི་རྒྱུད་ཀྱི་ཕྱོགས་སུ་གཏོགས་པ་རྡོ་རྗེ་མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། འཇམ་དཔལ། ཡེ་ཤེས་སྙིང་པོ། ཡེ་ཤེས་ཞི་བ། སངས་རྒྱས་གསང་བ། ཀུ་སུ་ལ་ཆེ་བ། ཆུང་བ། གསེར་གླིང་པ། ཇོ་བོ་རྗེ། གོ་མི་སྒོམ་ཆེན། སྐྱི་ནོར་ཛྙཱ་ན། སྙགས་ལྡེམ་བུ་བ། སྤུག་ཐམས་ཅད་མཁྱེན་པ། ཆོས་ཀྱི་རྒྱལ་མཚན། བྱ་རིན་ཆེན་འོད། བློ་ཆེན།
ཡུལ་གློ་བོ་པ་མཚན་དངོས་སངས་རྒྱས་སྲས།
བདེ་བ་ཅན་པ། བླ་མ་སེང་གེ་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ། ལོ་ཙཱ་བ་མ་ཎི་ཀ་ཤྲཱི་ཛྙཱ་ན། ས་བཟང་འཕགས་པ། ངོར་ཆེན་ཀུན་བཟང་། རྒྱལ་ཚབ་ཀུན་དབང་པ། འདྲེན་མཆོག་དཀོན་མཆོག་འཕེལ། འཇམ་དབྱངས་ས་སྐྱ་ལོ་ཙཱ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། ཐར་རྩེ་ནས་ནམ་མཁའ་དཔལ་བཟང་། རྩེ་གདོང་བདག་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། ཆོས་ཀྱི་སྤྱན་ལྡན་སྤྱན་སྔ་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་