[A:132]ཚིགས་རྐང་གི་བསྡུས་དོན་ཚང་བདེ་ཉུང་གསལ་གྱི་གསལ་བྱེད་རིན་ཆེན་ཕྲེང་བ། ཚུལ་གསུམ་གསལ་བར་བྱེད་པའི་རྒྱན་གྱི་གོ་དོན་ནོར་བུའི་ཕྲེང་མཛེས་བློ་གསལ་མགུལ་པའི་རྒྱན། དཔལ་ཀྱེ་རྡོ་རྗེའི་ཕྱི་བསྐྱེད་པའི་རིམ་པའི་སེམས་འཛིན་གྱི་སྔོན་འགྲོ་རྣལ་འབྱོར་བཅུའི་ཉམས་ལེན་ཀུ་མུ་ཏའི་ཟེའུ་འབྲུ་འབྱེད་པ། དཔལ་ཀྱཻ་རྡོ་རྗེའི་བསྐྱེད་རྫོགས་ཀྱི་རྣམ་བཤད་ངེས་དོན་ཟླ་བའི་འོད་ཟེར་རྒྱས་པ། འཕགས་པ་ཞལ་བཅུ་གཅིག་པའི་སྙུང་གནས་ཀྱི་ཆོ་ག་མུན་པ་གསལ་བྱེད། དཔལ་ལྡན་ལྷ་མོ་རེ་མ་ཏིའི་སྒྲུབ་ཐབས་གཏོར་ཆོག་རྗེས་གནང་དང་བཅས་པ། བཀྲ་ཤིས་ཀྱི་རྒྱ་མཚོ་སྤེལ་བའི་ཕྱིར་བཀྲ་ཤིས་ཀྱི་ཚིགས་བཅད་རྣམས་ཐོབ་པའི་བརྒྱུད་པ་ནི། རྒྱལ་ཚབ་དཀོན་མཆོག་དཔལ་ལྡན། ཤར་ཆེན་ཀུན་དགའ་བཀྲ་ཤིས། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ།། །།འདིར་སྨྲས་པ། ནནྡ་ཨདྦྷུ་ཏ་སྱ་གུ་ཎ་ནི་དྷི།་་་་་ཀུན་དགའ་རྨད་དུ་བྱུང་བའི་ཡོན་ཏན་གཏེར། །སརྦ་པ་རི་སིདྡྷ་རྠདྷརྨཱ་སྭ་མི།་་་་་དོན་ཀུན་ཡོངས་སུ་གྲུབ་པ་ཆོས་ཀྱི་རྗེ། །ཡཏྤཾ་ས་ན་ཡཱ་ད་ཡུ་གོ་ད་ལ་དྷེ་ན།་་་་་གང་ཁྱོད་རྟག་ཏུ་ཞབས་ཟུང་བརྟན་པ་ཡིས། །ཤཱཀྱ་སྱ་བྷནྟུ་ད་ཡ་ཤཱ་ས་ནཱ་ཏི།་་་་་ཤཱཀྱའི་བསྟན་པ་ཤིན་ཏུ་དར་གྱུར་ཅིག །བཀའ་གདམས་བསྟན་པའི་རྩ་ལག་ཁྱེད་བསྔགས་པས། །ཇོ་བོ་ཡབ་སྲས་སྐུ་མཆེད་རྣམ་གསུམ་ལས། །བསྟན་འཛིན་འཕེལ་ལྟར་བདག་ལའང་རིགས་བརྒྱུད་དང་། །ཆོས་བརྒྱུད་འཛིན་པའི་སློབ་མ་ཆེར་འཕེལ་ནས། །ཁ་བ་རི་ཡི་འཛིན་མའི་ཁྱོན་འདི་ཀུན། །ཡོངས་སུ་ཁྱབ་སྟེ་དེ་དང་ལྷན་ཅིག་ཏུ། །འགྲོ་བ་ཀུན་ལ་བདེ་སྐྱིད་དཔལ་འབར་ཏེ། །རྫོགས་ལྡན་བཞིན་དུ་ཡུན་རིང་སྤྱོད་གྱུར་ཅིག །ཆོས་ཀྱི་རྗེ་