R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 139
[A:139]ཡིན། །འདི་སྦྱར་དགེ་བས་རྩ་བརྒྱུད་བླ་མ་རྣམས། །དགོངས་པ་ཆོས་ཀྱི་དབྱིངས་སུ་རབ་རྫོགས་ནས། །ལེགས་བྱས་འདིས་མཚོན་དུས་གསུམ་དགེ་བའི་མཐུས། །བདག་གཞན་འགྲོ་བའི་སྒྲིབ་ཀུན་བྱང་གྱུར་ཅིག །དེ་ལ་བརྟེན་ནས་བདག་ཅག་དཔོན་སློབ་རྣམས། །ཚེ་མཐར་ཕྱིན་ཅིང་ལུས་བརྟས་དབང་པོ་གསལ། །བསྟན་པའི་བྱ་བ་མ་ལུས་མཐར་ཕྱིན་ཏེ། །ས་སྐྱའི་ཆོས་སྲིད་དཔལ་འབྱོར་རྒྱས་བྱེད་ཤོག །དེང་སང་དུས་ཀྱི་སྐལ་བཟང་ལས་འཕྲོ་ཅན། །དད་བརྩོན་ཤེས་རབ་སྙིང་རྗེ་ལྡན་པ་ཡིས། །བསྟན་པ་འཛིན་ནུས་གང་ཟག་ཐམས་ཅད་ཀྱང་། །ཟབ་རྒྱས་ཆོས་ཀྱི་འཁོར་དུ་འདུ་བར་ཤོག །དད་པ་དམན་ཞིང་དགེ་བའི་བློ་གྲོས་དམན། །ཆོས་ལ་འཇུག་པའི་སྐལ་བ་དམན་རྣམས་ཀྱང་། །བདག་གི་ཐབས་མཁས་འཕྲིན་ལས་སྣ་ཚོགས་ཀྱིས། །ཀུན་ཀྱང་དབང་འདུས་དགེ་ལ་སྦྱོར་བར་ཤོག །མ་དད་མི་བསྲུན་བསྟན་དང་འགྲོ་ལ་གནོད། །ཞི་བས་མི་ཐུལ་རྣམས་ཀྱང་བདག་ཅག་གིས། །མ་བཅོལ་ན་ཡང་བཀའ་སྲུང་དམ་ཅན་གྱིས། །ཚར་བཅད་རྣམ་ཤེས་ཆོས་དབྱིངས་སྒྲོལ་བར་ཤོག །མདོར་ན་བདག་དང་བདག་གི་སློབ་བུའི་ཚོགས། །ཀུན་གྱི་སྒོ་གསུམ་བྱ་བ་སྤྱོད་ལམ་རྣམས། །བསྟན་དང་འགྲོ་ལ་ཕན་བདེའི་རྒྱུར་གྱུར་ནས། །ཀུན་ཀྱང་བདེ་སྐྱིད་དཔལ་ལ་སྤྱོད་པར་ཤོག །ཕྱི་མ་དཔོན་སློབ་ལྷན་ཅིག་དག་པའི་ཞིང་། །བདེ་བ་ཅན་དུ་སྐྱེས་ནས་རང་དོན་རྣམས། །མཐར་ཕྱིན་གང་འདུལ་སྤྲུལ་པས་སྲིད་མཐའི་བར། །སྤྱི་དང་བྱེ་བྲག་བསྟན་པ་རྒྱས་བྱེད་ཤོག །ཅེས་ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོས་པའི་ཚུལ་ལེགས་པར་