R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 17
[A:17]མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་ཆེན་བསོད་ནམས་ལྷུན་གྲུབ། ས་ལོ་འཇམ་པའི་རྡོ་རྗེ། གཉན་ལོ། སངས་རྒྱས་སེང་གེ མུས་ཆེན་ནམ་མཁའ་དཔལ་བཟང་། གྲུབ་མཆོག་རྡོ་རྗེའི་མཚན་ཅན། བླ་མ་ནམ་མཁའ་ཆོས་དར། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །པདྨ་དབང་ཆེན་ཡང་གསང་ཁྲོས་པའི་དབང་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་པདྨ་འབྱུང་གནས། གྲུབ་ཐོབ་ཟླ་ཆར། ཆོས་རྒྱལ་བརྩོན་འགྲུས་རྡོ་རྗེ། ཉན་ཆེན་བསོད་ནམས་བརྟན་པ། མཁན་ཆེན་ཆོས་རྒྱལ་དཔལ་བཟང་། ཀུན་མཁྱེན་དཔལ་ལྡན་སེང་གེ ཆོས་རྗེ་རིན་ཆེན་བཀྲ་ཤིས། རྟོགས་ལྡན་ཡོན་ཏན་མགོན་པོ། བླ་ཆེན་ཆོས་དཔལ་བཟང་པོ། བྱམས་པ་རྡོ་རྗེ་རྒྱལ་མཚན། མུས་ཆེན་རྣམ་རྒྱལ་བཟང་པོ། སྔགས་འཆང་རཏྣ་བྷ་དྲ། ཚར་ཆེན་བློ་གསལ་རྒྱ་མཚོ། རྗེ་བོད་མཁར་བ་བྱམས་པ་དོན་གྲུབ་རྒྱལ་མཚན། མི་ཕམ་ཆོས་རྒྱ་མཚོ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །གུ་རུ་ཐུགས་སྒྲུབ་ཀྱི་བྱིན་རླབས་ཐུགས་རྗེའི་དབང་ལྔ་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ་ཧེ་རུ་ཀ ལོངས་སྐུ་རྒྱལ་བ་རིགས་ལྔ། སྤྲུལ་སྐུ་ཕྱག་ན་རྡོ་རྗེ། སྨུག་ནག་དབང་གི་མཁའ་འགྲོ ཚངས་པའི་རྒྱལ་པོ་གདོང་བཞི། ལྷ་དབང་བརྒྱ་བྱིན། ཀླུ་རྒྱལ་འཇོག་པོ། རྒྱལ་པོ་ཛ། ཤཱཀྱ་པྲ་བྷ། ཨོ་རྒྱན་རིན་པོ་ཆེ། བི་མ་ལ། ཤྲཱི་ལ་