R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 18
[A:18]མཉྫུ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། སྣ་སྣམ་རྡོ་རྗེ་བདུད་འཇོམས། གཏེར་སྟོན་རིག་འཛིན་ཆེན་པོ་རྒོད་ལྡེམ། སྲས་མཆོག་རྣམ་རྒྱལ་མགོན་པོ། སྔགས་འཆང་རྡོ་རྗེ་རྣམ་གཉིས། མཚན་ལྡན་ངག་དབང་གྲགས་པ། སངས་རྒྱས་དཔལ་བཟང་། ཆོས་རྒྱལ་བསོད་ནམས། གྲུབ་མཆོག་ཆོས་སྐྱོང་བསོད་ནམས། ཚར་ཆེན་བློ་གསལ་རྒྱ་མཚོ། མཁྱེན་བརྩེའི་དབང་ཕྱུག རྩ་བའི་བླ་མ་དབང་ཕྱུག་རབ་བརྟན། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །གུ་རུ་ཞི་བ་ཞེས་གྲགས་པ་བླ་མ་གསང་འདུས་ཆོས་དབང་ལུགས་ཀྱི་དབང་བཞི་བྱིན་རླབས་དང་། ལས་བྱང་ལེ་བརྒྱད་མའི་ལུང་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གུ་རུ་ཆོས་ཀྱི་དབང་ཕྱུག རྒྱལ་སྲས་པདྨ་དབང་ཆེན། དྲིན་ཅན་སངས་རྒྱས་ཀུན་གྲོལ། རྟོགས་ལྡན་དྷརྨའི་མཚན་ཅན། སྤྲུལ་སྐུ་ལྷ་དབང་གྲགས་ལྡན། སོ་སྟོན་གྲགས་པ་སེང་གེ སོ་སྟོན་འདུས་པ་རྩལ། སོ་སྟོན་འཇམ་དབྱངས་རབ་འཕེལ། སོ་སྟོན་ཀུན་དགའ་གཞོན་ནུ། དྲིན་ཅན་ཀུན་དགའ་ལེགས་ལྡན་ཚུལ་ཁྲིམས། རྗེ་རྣམ་རྒྱལ་དཔལ་བཟང་། བླ་མ་དཔལ་ལྡན་ཆོས་འབྱོར། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །གུར་དྲག་ཉང་ལུགས་ཀྱི་གཏོར་མ་ལ་བརྟེན་པའི་དབང་བཞི་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་དྲག་པོ་དམར་ཆེན། སྤྲུལ་སྐུ་པདྨ་འབྱུང་