R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 19
[A:19]གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མངའ་བདག་ཆེན་པོ་ཉང་ཉི་མ་འོད་ཟེར། སྲས་ནམ་མཁའ་དཔལ། གཟུ་སྟོན་དྷརྨཱ་རཏྣ། གཟུ་རིན་ཆེན་རྒྱལ་མཚན། རྟོགས་ལྡན་ཆོས་ཉིད་རང་གྲོལ། སངས་རྒྱས་ལྷུན་གྲུབ་དབང་། སྤྲུལ་སྐུ་ཀུན་དགའ་བཀྲ་ཤིས། མཁས་གྲུབ་རྒྱལ་མཚན་ཆོས་རྗེ། བརྒྱུད་འཛིན་ལེགས་པ་དཔལ་བཟང་། སྤྲུལ་སྐུ་ཉང་སྟོན་ཆོས་དབང་། སྣུབ་ཆེན་རིན་ཆེན་དཔལ་བཟང་། རྗེ་བཙུན་འཇམ་དབྱངས་རྒྱལ་མཚན། པདྨ་དབང་རྒྱལ་རྡོ་རྗེ། ལེགས་ལྡན་བདུད་འཇོམས་རྡོ་རྗེ། མཐུ་ལྡན་དབང་པོའི་རྡོ་རྗེ། རིག་འཛིན་ངག་གི་དབང་པོ། རིག་འཛིན་ཡུལ་མོ་བ་སྟོབས་ལྡན་ཤུལ་འགྲོ་བརྩེགས། བླ་མ་བསོད་ནམས་རྒྱ་མཚོ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་བརྒྱུད་པ་ལུགས་གཅིག་ལ། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ཉང་ཉི་མ་འོད་ཟེར། སྲས་ནམ་མཁའ་དཔལ། འདི་ནས་བླ་མ་ཁ་ཅིག་མ་རྙེད། གུ་རུ་ཐུགས་མཆོག་རྡོ་རྗེ། གཤོང་ཆེན་མཁས་བཙུན་བསྟན་པའི་རྒྱལ་མཚན། རིག་འཛིན་བསྟན་པ་རྣམ་རྒྱལ། བླ་མ་བསོད་ནམས་རྒྱ་མཚོ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཐུགས་རྗེ་ཆེན་པོ་འགྲོ་འདུལ་གྱི་དབང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་སྣང་བ་མཐའ་ཡས། ཐུགས་རྗེ་ཆེན་པོ། སྲོང་བཙན་སྒམ་པོ། པདྨ་འབྱུང་གནས། ཁྲི་