[A:20]སྲོང་ལྡེའུ་བཙན། གྲུབ་ཐོབ་དངོས་གྲུབ། མངའ་བདག་ཉང་རལ། མི་བསྐྱོད་རྡོ་རྗེ། ཤཱཀྱ་བཟང་པོ། ལྷ་རྗེ་དགེ་བ་འབུམ། ལྕམ་ཡེ་ཤེས་མཆོག ཆུ་སྒོམ་པ། མཐའ་བཞི་བྱ་བྲལ་བ། ཚུལ་ཆེན་བསོད་སེང་། བླ་མ་བཀྲ་ཤིས་རྒྱལ། ཆུ་རགས་པ་བློ་རྒྱམ། འཕགས་མཆོག་ནོར་བུ་བཟང་པོ། ཆོས་རྗེ་བཟང་པོ་རྒྱལ་མཚན། མཁས་གྲུབ་དཔལ་ལྡན་སངས་རྒྱས། སྟས་སྒ་བ་ངག་དབང་གྲགས་པ། ཡིག་དྲུག་པ་ཤེས་རབ་དཔལ་འབྱོར། རྗེ་ཀུན་དགའ་གྲོལ་མཆོག བླ་མ་ཆོས་སྐྱོང་རྒྱལ་པོ། ཀུན་མཁྱེན་ནམ་མཁའ་རྡོ་རྗེ། རྗེ་རྣམ་རྒྱལ་དཔལ་བཟང་། བླ་མ་དཔལ་ལྡན་ཆོས་འབྱོར། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན་འཕགས་མཆོག་ནོར་བུ་བཟང་པོ་ལ། ཧོར་ཀ་བཞི་པ་སེང་གེ་རྒྱལ་མཚན། ཆོས་རྗེ་དཔལ་ལྡན་ལེགས་པ། ཀ་བཅུ་པ། བྱང་ཆུབ་དཔལ། འཕགས་པ་བློ་གྲོས་རིན་ཆེན། ཡིག་དྲུག་པ་མན་འདྲའོ། ༈ །གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ལམ་གྱི་སྙིང་པོ་རྒྱུ་དབང་ལམ་དུ་བྱེད་པ་སློབ་དཔོན་གྱིས་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་སྔོན་དུ་འགྲོ་བའི་སྒོ་ནས། ཐོག་མར་སྣང་བ་གསུམ་གྱི་ཁྲིད་དང་། དེ་ནས་ལྟ་བ་འཁོར་འདས་དབྱེར་མེད། ཕྱི་ནང་གི་བསྐྱེད་རིམ། རྨི་ལམ་འཕོ་བ་བར་དོ་སོགས་ཞར་བྱུང་གི་མན་ངག་ཡོངས་རྫོགས། དབང་གོང་མ་གསུམ་དང་བཅས་པའི་ཁྲིད་ཡིག རྗེ་ཚར་པའི་གསུང་ལ་ཐམས་ཅད་མཁྱེན་པ་ཀླུ་སྒྲུབ་རྒྱ་མཚོས་ཟིན་བྲིས་མཛད་པའི་ཡིག་ཆ་སོ་སོའི་ལུང་ཁྲིད་རྒྱས་པར་ནོས་ནས། གསུང་ངག་སློབ་བཤད་