R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 21
[A:21]ཀྱི་བརྒྱུད་པ་ཐོག་མར་སྨྲས་ཏེ། བརྒྱུད་ལུགས་གཞན་རྣམས་རྣམ་གྲངས་ཀྱི་ཚུལ་དུ་བརྗོད་པ་ནི། འོག་མིན་ཆེན་པོར་ཟུང་འཇུག་རྡོ་རྗེ་འཆང་། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་བདག་མེད་མ། །སཽ་མ་པུ་རིར་འཁྲུངས་པའི་བི་རུ་པ། །རྒྱ་གར་ཤར་ཕྱོགས་སུ་འཁྲུངས་ཀཱ་ཧཱ་པ། །མ་ག་དྷར་འཁྲུངས་ཌཱ་མ་རུ་པའི་ཞབས། །ཝ་ར་ཎཱ་སིར་འཁྲུངས་པའི་གཉིས་སྤངས་པ། །འཕགས་ཡུལ་ཤར་ཕྱོགས་སུ་འཁྲུངས་རཏྣ་ཤྲཱི། །བོད་ཡུལ་མང་མཁར་དུ་འཁྲུངས་འབྲོག་མི་རྗེ། །མདོག་སྨད་ཕྱི་འབྲུམ་དུ་འཁྲུངས་རྗེ་བཙུན་སེ། །གཙང་གི་སག་ཐང་གནས་འཁྲུངས་དགོན་པ་བ། །གྲོམ་སྟོད་ཁ་འུར་འཁྲུངས་པའི་བརྩེ་བ་ཆེ། །གཟིམས་སྤྱིལ་དཀར་པོར་འཁྲུངས་པའི་བསོད་ནམས་རྩེ། །སྒོ་རུམ་མགོན་ཁང་མདོར་འཁྲུངས་གྲགས་པའི་ཞབས། །སྒོ་རུམ་ཚོགས་ཁང་ཕུར་འཁྲུངས་པཎྜི་ཏ། །སྟག་སྡེ་རླུང་ཁུང་དུ་འཁྲུངས་འཕགས་པའི་མཚན།
ངམ་རིང་མཚོའི་ཁྲིས་ན་ཡོད།
།ར་ས་མཚལ་ཁུང་འཁྲུངས་པའི་དཀོན་མཆོག་དཔལ། །དེ་ཉིད་དུ་འཁྲུངས་རྒྱལ་བ་བྲག་ཕུག་པ། །ཞ་ལུ་ཁང་གསར་དུ་འཁྲུངས་འགྲོ་མགོན་རྗེ། །འབྲས་ཁུད་སྒང་སྐྱར་འཁྲུངས་པའི་དཔལ་ལྡན་པ། །མདོག་གི་སྒོ་ཕུར་འཁྲུངས་པའི་བུདྡྷ་ཤྲཱི།་་་
དབུ་སེ།
།ས་སྐྱའི་བྱི་ཁུང་སྒོར་འཁྲུངས་ཀུན་དགའི་མཚན། །མུས་སྟོད་གླིང་སྐྱར་འཁྲུངས་པའི་སེམས་དཔའ་ཆེ། །ལྕམ་མོ་གཡང་གྲོང་དུ་འཁྲུངས་བདག་ཆེན་རྗེ། །རྡོ་རིང་སྨོན་མཁར་གནས་འཁྲུངས་ཀུན་སྤངས་པ། །དམུ་གཤོང་དགའ་བའི་ཚལ་འཁྲུངས་ཚར་ཆེན་རྗེ། །ཟང་ཟང་བྱང་རྒྱུད་དུ་འཁྲུངས་ཀླུ་སྒྲུབ་མཚན། །བར་སྦུག་སེམས་འབྱོར་གནས་འཁྲུངས་མཁན་ཆེན་