[A:22]རྗེ། །མལ་གྲོ་བེའུ་སྣར་འཁྲུངས་སྤྱན་སྔ་བ། །ས་སྐྱའི་ཕུན་ཚོགས་གླིང་
ལྷ་ཆེན།
སྐྱེས་བདག་ཨ་ནནྡ།
ལ་འོ། །དེ་ནི་ལམ་འབྲས་སློབ་བཤད་ཀྱི་བླ་མ་བརྒྱུད་པ་ཐུན་མོང་མ་ཡིན་པ་ཡིན་ལ། བརྒྱུད་ལུགས་གཞན་རྣམས་རྣམ་གྲངས་ཀྱི་ཚུལ་དུ་བརྗོད་པ་ནི། ཡང་ན་ཆོས་རྗེ་ས་པཎ་ནས། གཙང་གི་སྒྱེར་ཕུར་འཁྲུངས་པའི་ཚོགས་སྒོམ་པ།དབུ་སེ།
མདོག་སྟོད་རྗེ་གྲོང་དུ་འཁྲུངས་བསོད་ནམས་བརྟན།དབུ་སེ།
།ཐང་པ་རུ་བཞིར་འཁྲུངས་པ་རཏྣའི་མཚན།དཀར་པོ་བྲག་པ་རིན་ཆེན་སེང་གེ
།དཔལ་ལྡན་པ་མན་གོང་དང་འདྲ། ཡང་ན་ཉན་ཆེན་པ་ནས། ར་ས་མཚལ་ཁུང་འཁྲུངས་པའི་བྲག་ཕུག་པ། །ཁ་སྔ་དགོན་གསར་དུ་འཁྲུངས་རི་ཁྲོད་པ། །དཔལ་ལྡན་པ་མན་ཆད་གོང་དང་འདྲ། ཡང་ན་རྗེ་སེམས་དཔའ་ཆེན་པོའི་རྗེས་སུ། འབོམ་གྱི་ལ་སྟེང་དུ་འཁྲུངས་ཀུན་མཁྱེན་རྗེ། །མུས་སྟོད་གླིང་སྐྱར་འཁྲུངས་པའི་གྲུབ་ཆེན་པ། །ས་སྐྱའི་བདེ་ལྡན་སྟེང་འཁྲུངས་དཀོན་མཆོག་འཕེལ། །མུས་ཀྱི་གླིང་སྐྱར་འཁྲུངས་པའི་སངས་རིན་རྗེ། །རྩེ་གདོང་གནས་འཁྲུངས་ས་སྐྱ་ལོ་ཙཱ་བ། །ས་སྐྱར་འཁྲུངས་པའི་དཀོན་མཆོག་ལྷུན་གྲུབ་མཚན། །རྩེ་གདོང་ཕྱོགས་འཁྲུངས་སྔགས་འཆང་ཆོས་ཀྱི་རྗེ། །ལྷ་ཆེན་རྩེར་འཁྲུངས་གྲུབ་མཆོག་བསོད་ནམས་དབང་། །སྤྱན་སྔ་ཆོས་རྗེ་མན་ཆད་གོང་དང་འདྲ། བདག་ཆེན་རྡོ་རྗེ་འཆང་གི་རྣམ་ཐར་དང་། རྗེ་རྡོ་རིང་པའི་རྣམ་ཐར་ཚར་ཆེན་གྱིས་མཛད་པ། རྗེ་ཚར་པའི་རྣམ་ཐར་ལམ་ཡིག་རང་ཉིད་ཀྱིས་མཛད་པའི་ལུང་ཡང་ཐོབ། ༈ །བརྡ་དོན་གསལ་བའི་ཁྲིད་བདག་ཆེན་བློ་གྲོས་པས་མཛད་པའི་ཡིག་ཆའི་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བི་རུ་པ། ས་