R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 28
[A:28]བཏོན་པ། པུ་ཏྲ་མིང་སྲིང་གི་སྒྲུབ་ཐབས་བསྡུས་པ་ས་ཆེན་གྱིས་མཛད་པ། ཨ་གཉན་དམ་པས་མཛད་པའི་པུ་ཏྲའི་སྒྲུབ་ཐབས་རྒྱས་པ་དང་། འབྲིང་པོ་ལོ་རྒྱུས་དང་བཅས་པ། ཡང་པུ་ཏྲའི་སྒྲུབ་ཐབས་བསྡུས་པ་དམ་པས་མཛད་པ། པུ་ཏྲའི་མཆོད་གཏོར་དཔལ་ལྡན་ཚུལ་ཁྲིམས་པས་མཛད་པ། དེའི་བསྟོད་པ་
ལས་རྣམས་ཀུན་བྱེད་མ།
དམ་པས་མཛད་པ། གཏོར་མ་ལ་བརྟེན་ནས་དགྲ་བགེགས་བསད་པ་སོགས་ཤིན་ཏུ་ཟབ་པའི་ཤོག་རིལ་བདུན་དམ་པས་མཛད་པ། ཆོས་སྐྱོང་གི་ལྡེར་སྐུ་དང་བྲིས་སྐུ་བཞེངས་ཐབས་འཕགས་པས་མཛད་པ། བསྲུང་བཟློག་བསད་གསུམ་གྱི་མན་ངག་ཚིགས་བཅད་མ་དམ་པས་མཛད་པ། རྟེན་གཏོར་གྱི་མན་ངག་ས་ཆེན་དང་དམ་པས་མཛད་པ་གཉིས། ཕོ་རྐྱང་གི་སྒྲུབ་ཐབས་ལས་བཞིའི་ཁྱད་པར་བྲག་སྟེང་པས་མཛད་པ། ཟབ་གཏད་ཀྱི་མན་ངག་མལ་གྱིས་ས་ཆེན་ལ་གནང་བ། མཧཱ་ཀཱ་ལའི་བཟླས་ལུང་བཞིའི་མན་ངག་ས་ཆེན་གྱིས་མཛད་པ། གསང་བའི་མན་ངག་ཅེས་བྱ་བ་ནང་གི་སྒོ་ནས་འཁུ་ལྡོག་སྤོང་བ་གོང་མས་མཛད་པ། ཆོས་སྐྱོང་ལྕམ་དྲལ་གྱི་འཁོར་ལོའི་མན་ངག་གསང་བ་མཁའ་འགྲོ་གོ་ལྡོག་པའི་མན་ངག ནག་པོ་ཆེན་པོའི་བོད་རྦད་གསད་གསུམ་དྲིལ་བའི་མན་ངག འཁོར་ལོའི་བཅའ་ཐབས། འཁོར་ལོའི་རབ་ཏུ་གནས་པའི་མན་ངག དམ་ཤིང་ལ་དབང་བསྐུར་བའི་མན་ངག མགོན་པོ་ལྕམ་དྲལ་དུ་སྒྲུབ་པ་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། དགྲ་བོ་ལྷ་དང་བྲལ་བའི་མན་ངག མཧཱ་ཀཱ་ལའི་ཐེབ་བཟློག མཁའ་འགྲོའི་འཁུ་ལྡོག་སྤངས་པའི་མན་ངག ལས་མཇུག་མནན་པ་བསད་པ་ལས་ཀྱི་འཁོར་ལོ་མནན་པ་དངོས་གོང་མས་མཛད་པ། ནག་པོ་