R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 29
[A:29]ཆེན་པོའི་ཕུར་བུའི་སྒྲུབ་ཐབས་རྒྱ་གཞུང་བྲམ་ཟེས་མཛད་པ་མལ་ལོས་བསྒྱུར་པ།
འདི་འོད་ལྡན་དཔལ་གྱི་སྦགས་སྒྲུབ་ལ་དགོས་པའི་ཐུན་སྒྲུབ་ཟེར་བ་དེ་ཡིན་ནམ།
མགོན་པོ་ལྕམ་དྲལ་གྱི་སྦྱིན་སྲེག་དགའ་ལྡན་པ་བཀྲ་ཤིས་དཔལ་གྱིས་མཛད་པ། སྦྱིན་སྲེག་གི་ཡི་གེ་བྲམ་ཟེས་མཛད་པ། ཕུར་བུའི་སྒྲུབ་པ་ས་ཆེན་གྱིས་མཛད་པ། ཕུར་བུ་ཆེན་པོ་ལ་སྲིན་གཟུགས་ཀྱིས་བསྟོད་པ། རང་སྲུང་འཁོར་ལོའི་གདམས་པ་རྗེ་བཙུན་གྱིས་མཛད་པ། སྲུང་འཁོར་དཀར་ཤཱཀྱ་གྲགས་ཀྱིས་མཛད་པ། རུ་མཚོན་འཛུགས་ཐབས་ཡར་ཀླུང་པས་མཛད་པ། བྲན་བདུད་ཀྱི་ལས་ཚོགས་མལ་གྱིས་ས་ཆེན་ལ་གནང་བ་ཡར་ཀླུང་པས་བྲིས་པ། ནག་པོ་ཆེན་པོའི་སྒོ་ནས་གཞན་གྱི་ངག་མནན་པ། སློབ་དཔོན་པདྨས་མཛད་པའི་ཆོས་སྐྱོང་སྤྱིའི་དམོད་བསྐུལ། མཁས་པ་ཡོན་ཏན་ཁྲིས་མཛད་པའི་དྲང་སྲོང་དམོད་བསྐུལ། པུ་ཏྲ་མིང་སྲིང་གསུམ་གྱི་བོད་པའི་ཚིགས་ས་ཆེན་གྱི་མན་ངག་ཡར་ཀླུང་པས་བྲིས་པ། པུ་ཏྲའི་འཕྲིན་ལས་འཆོལ་བ་ཡར་ལུང་པ་ནས་བརྒྱུད་པ། འཁོན་ནག་ཟས་སུ་བཟའ་བའི་མན་ངག་སློབ་དཔོན་པདྨས་མཛད་པ། ནག་པོ་ཆེན་པོའི་གཅེས་བསྡུས་མལ་ལོས་མཛད་པ། མགོན་པོའི་གཟུངས་འཛུར། གཏོར་ཟོར། དམོད་བཅོལ་རྣམས་བླ་མ་གཉན་གྱིས་མཛད་པ། གཏོར་ཆེན་པདྨ་དབང་ཕྱུག་གིས་མཛད་པ་ཡར་ཀླུང་པ་ལ་བརྒྱུད་པ། ལྕམ་དྲལ་གྱི་གཏོར་ཆེན་གྱི་གསོལ་ཁ་བྱ་ཚུལ་ཡར་ཀླུང་པས་མཛད་པ། མདོས་བསྐང་རྒྱས་པ་བྲམ་ཟེས་མཛད་པ། མདོས་བསྐང་སྤྱན་ཆེན་པོས་མཛད་པ་སོགས་དཀར་ཆག་ནང་ལྟར་ཚང་བར་ཐོབ་ནས། ༈ །ཡང་གུར་གྱི་མགོན་པོའི་ནང་ཁྲིད་དམ་གསང་ཁྲིད་ཐུན་