R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 30
[A:30]མོང་མ་ཡིན་པ་རྒྱས་པར་སྩལ་ཏེ། དེའི་མན་ངག་གི་ཆ་ལག་ལུས་ཀྱི་རྩ་འཁོར་སོ་སོ་ལ་བརྟེན་ནས་ལས་བཞི་བསྒྲུབ་པའི་དམིགས་པ་ཁྱད་པར་ཅན་ཞལ་ཤེས་ཀྱིས་བརྒྱན་པ་དང་། ཡང་སྲུང་འཁོར་བྲག་རྫོང་མའི་མན་ངག་གི་ནང་ཚན་རྣལ་འབྱོར་མའི་སྒོས་དགྲ་མྱུར་དུ་བསྒྲལ་བའི་ལས་སྦྱོར་ཟབ་ཁྱད་ཅན་དང་། ནང་ཁྲིད་ཀྱི་ཆ་ལག་སྙིང་ཁ་ཆོས་ཀྱི་འཁོར་ལོ་ལ་བརྟེན་པའི་དམིགས་ཡུལ་ཞག་བདུན་ལ་མེད་པར་བྱེད་པའི་མན་ངག་ཟབ་མོ་རྣམས་ཞིབ་ཅིང་མཐའ་ཆོད་པ་ནོས་ནས། དེ་དག་དང་འབྲེལ་བའི་ལུང་གི་སྐོར་ལ་རྗེ་ཚར་ཆེན་གྱིས་བསྒྲིགས་པའི་སྙན་རྒྱུད་པོ་ཏིའི་ནང་ནས། དེ་ཉིད་ཀྱི་དཀར་ཆག དམ་པས་མཛད་པའི་ཤོག་རིལ་བཅུ། བྲག་རྫོང་མའི་ཁྲིད་ཡིག་རྡོ་རིང་པས་མཛད་པ། ཁ་སྐོང་པོ་ཏིའི་དཀར་ཆག བྲག་རྫོང་མའི་མངོན་རྟོགས། གཏོར་བསྔོ་རྒྱས་འབྲིང་གཉིས། བརྒྱུད་འདེབས་རྣམ་ཀུན་མ། དྲི་བ་ལྷག་བསམ་རབ་དཀར་ཚར་ཆེན་གྱིས་མཛད་པ། མགོན་པོའི་ཆོག་བསྒྲིགས། སེར་བ་བསྲུང་འབེབས་ཀྱི་མན་ངག་དུག་གི་རླུང་ཆེན་ནག་པོ། གཏོར་མ་གསུམ་གྱི་རྣམ་བཤད། རུ་མཚོན་འཛུགས་ཐབས། གཟུངས་འཛུགས་ཐབས། ལས་མགོན་གྱི་བསྐང་གསོ་ལས་བཞི་ལྷུན་གྲུབ། བསྟོད་བསྐུལ་འོག་མིན་བདེ་ཆེན་མ་རྣམས་ཚར་ཆེན་གྱིས་མཛད་པ། བདག་ཆེན་རྡོ་རྗེ་འཆང་གིས་མཛད་པའི་ནག་པོ་ཆེན་པོའི་མདོས་བསྐང་། རྗེ་བཙུན་རྡོ་རིང་པས་མཛད་པའི་སེར་བ་སྲུང་བའི་མན་ངག ཚར་ཆེན་གྱིས་མཛད་པའི་ནག་པོ་ཆེན་པོའི་གཏོར་བཟློག་གི་ཆོ་ག་དགྲ་བགེགས་ཀྱི་སྟོབས་འཕྲོག་རོལ་པ། ནག་པོ་ཆེན་པོའི་ཆར་དབབ་པའི་མན་ངག གསང་བ་ཐུན་མོང་མ་ཡིན་པའི་ཟབ་པའི་གནད་ཀྱི་