R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 31
[A:31]མན་ངག་ལས། ཕྱི་སྒྲུབ་ལ་བརྟེན་པའི་ཐུན་མོང་མ་ཡིན་པའི་བསྙེན་པའི་ཡི་གེ་ཚར་ཆེན་གྱིས་མཛད་པའི་ནང་ཁྲིད་རྒྱུན་གྱི་ཉམས་ལེན་གསང་བ་ཡང་གསང་སེམས་ཀྱི་གནད་ལྔ་ལ་བརྟེན་ནས་འཁུ་ལྡོག་སྤངས་ཏེ་བྲན་ལྟར་བཀོལ་བའི་མན་ངག་གི་ཡི་གེ ལས་སྦྱོར་གྱི་སྔོན་འགྲོའི་ལིང་ག་བྲི་བ། དགུག་གཞུག་ཁ་སྦྱོར་དབྱེ་བའི་ཡི་གེ བསྒྲུབས་ཀྱང་རྟག་མི་འབྱུང་ན་དཔོག་ཆོག་བྱ་བའི་ཡི་གེ རིགས་སྔགས་གོ་ལྡོག་པའི་ཡི་གེ ཟབ་པའི་ཡང་ཏིག་སྙིང་ནང་གི་མན་ངག་ལས། ནང་རྩ་གསུམ་ལ་བརྟེན་པའི་ཡི་གེ་གོང་མས་མཛད་པ། དེ་ཉིད་ཅུང་ཟད་རྒྱས་སུ་བཏང་བའི་མགོན་པོ་མཐུ་མེད་དུ་མི་འགྱུར་བའི་ཡི་གེ མགོན་པོ་དང་པུ་ཏྲ་ལྕམ་སྲིང་ལ་བརྟེན་པའི་ཤིན་ཏུ་ཟབ་པའི་མན་ངག་གི་ཡི་གེ གསང་རྟེན་ལུས་ལ་བཅངས་པའི་གནད་ཀྱི་ཡི་གེ་རྣམས་དམ་པས་མཛད་པ། བླ་མའི་ཞལ་ལས་བྱུང་བའི་མན་ངག་གི་ཐོ་ཡིག་བདག་ཆེན་གྱིས་མཛད་པ། རྡོ་རིང་པས་མཛད་པའི་གསང་ཁྲིད་ཐུན་མོང་མ་ཡིན་པའི་ཡི་གེ ཚར་ཆེན་གྱིས་མཛད་པའི་སྙན་བརྒྱུད་ཀྱི་རིན་ཆེན་ལྡེ་མིག བདག་ཆེན་རྡོ་རྗེ་འཆང་གི་གསུང་ལ་ཡང་དགོན་དཔལ་ལྡན་བཀྲ་ཤིས་པས་ཟིན་བྲིས་བྱས་པའི་སྒྲུབ་ཡིག་ཆེན་མོ། བདག་ཆེན་གྱིས་མཛད་པའི་ལྷ་བརྒྱད་ཀྱི་སྒྲུབ་ཐབས་གསང་བ་ཡིད་བཞིན་ནོར་བུ། བྲག་རྫོང་མའི་བསྡུས་དོན། མལ་འོག་གསང་རྫས་ཀྱི་ཡི་གེ་ཚར་ཆེན་གྱིས་མཛད་པ་རྣམས་ཐོབ་ཅིང་། ༈ །ཡང་ཚར་ཆེན་གྱིས་བསྒྲིགས་པའི་ཁ་སྐོང་པོ་ཏིའི་ནང་ནས། ནག་པོ་ཆེན་པོའི་ལོ་རྒྱུས། ལྷ་མོའི་ལོ་རྒྱུས། པུ་ཏྲ་མིང་སྲིང་གསུམ་གྱི་ལོ་རྒྱུས་དམ་པས་མཛད་པ། དེ་ཉིད་ཀྱིས་མཛད་པའི་