[A:32]བསྐང་གསོ་ཆོས་ཉིད་མ། བྲམ་ཟེས་མཛད་པའི་སྔོན་ཚེ་བདེ་གཤེགས་མ། འཕགས་པས་མཛད་པའི་བསྟོད་པ་གང་ཐུགས་མ། ལས་མགོན་སྒོ་མ་དང་བཅས་པའི་བསྟོད་པ་མལ་ལོས་མཛད་པ། ས་ཆེན་གྱིས་མཛད་པའི་གཏུམ་ཆེན་མ། ལྷ་མོའི་བསྐང་གསོ་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པ། ཐེག་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་བསྟོད་པ་ནག་པོ་རྔམ་པ་མ། འཕགས་པས་མཛད་པའི་གུར་མགོན་གྱི་བསྐུལ། ཡུམ་ཆེན་གྱི་བསྟོད་པ་ཀུན་ཏུ་བཟང་པོ་མ། ལྷ་མོའི་བསྟོད་པ་ཏིལ་དམར་མ། ལྷ་མོའི་བཤགས་པ་འགྲོ་དོན་སྐུ་མཆོག་མ། བསྟོད་པ་མི་ཕམ་མ། སྟག་ཚང་ལོ་ཙཱ་བས་མཛད་པའི་ཆོས་སྐྱོང་སྤྱིའི་བསྐང་བཤགས། འཕགས་པས་མཛད་པའི་བདུད་རྩི་ལྔ་མཆོད། བདག་ཆེན་མཐུ་སྟོབས་པས་མཛད་པའི་མངའ་གསོལ་གྱི་ཡི་གེ རཏྣ་ཀིརྟིའི་གཏོར་སྒྲུབ་ཀྱི་ལག་ལེན་གསལ་བའི་སྒྲོལ་མེ་རྣམས་ནོས་ཤིང་། ༈ །ཡང་ཚར་ཆེན་གྱིས་བསྒྲིགས་པའི་མགོན་པོད་གྱི་ལྗང་པུ་ཏིའི་ཕྱེད་ཡན་ཙམ་ཐོབ་པའི་ཁྲིད་མན་ངག་དེ་དག་ཕལ་ཆེ་བའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་གུར། བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ་བདེ་བའི་རྡོ་རྗེ། པཎྜི་ཏ་ཤྲདྡྷ་ཀ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་། ཡོན་ཏན་ཚུལ་ཁྲིམས། མལ་ལོ་བློ་གྲོས་གྲགས། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། སྒ་ཨ་གཉན་དམ་པ། བདག་ཉིད་ཆེན་པོ། མཁས་བཙུན་ནམ་མཁའ་ལེགས་པ། ཆོས་རྗེ་བླ་མ་དམ་པ། བླ་ཆེན་ཀུན་དགའ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་རྒྱལ་