R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 33
[A:33]མཚན། བདག་ཆེན་བློ་གྲོས་རྒྱལ་མཚན། རྡོ་རིང་ཀུན་སྤངས་ཆོས་ཀྱི་ཉི་མ། རྗེ་བཙུན་སྒོམ་རུང་བ་ཀུན་ལེགས། ཚར་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་མཁྱེན་བརྩེ་བ། རྗེ་བྱམས་པ་རབ་བརྟན། རྗེ་སྙིང་རྗེ་བཟང་པོ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན་ཚར་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་བོད་མཁར་བ། སྤྱན་སྔ་ཀུན་དགའ་དོན་གྲུབ། དེས་ས་སྐྱ་པ་ཨ་ནནྡན་ལའོ། །དེ་ནི་ནང་ཁྲིད་དང་བྲག་རྫོང་མའི་བརྒྱུད་པ་གཙོ་ཆེ་བ་ཡིན་ལགས། ༈ །མེ་འབར་མའི་ལུང་སོགས་ཀྱི་ཕྱི་སྒྲུབ་ཕལ་ཆེ་བའི་བརྒྱུད་པ་ནི། བླ་མ་དམ་པ་ནས། ཡར་ཀླུང་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཆོག འཇམ་དབྱངས་ནམ་མཁའ་རྒྱལ་མཚན་མན་འདྲ། ཡང་ན་འཕགས་པ་རིན་པོ་ཆེ། སྒ་ཨ་གཉན་དམ་པ། ཕིང་ནག་རྡོ་རྗེ་དཔལ། ཁམས་པ་བཀྲ་ཤིས་འོད་ཟེར། བར་སྡིང་བ་རྡོ་རྗེ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན་མན་འདྲ། ༈ །དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་གྲི་གུག་ལྷ་ལྔ་སྙན་བརྒྱུད་ལུགས་སིནྡྷུ་རའི་དཀྱིལ་འཁོར་ལ་བརྟེན་པའི་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཨ་ནི་ག་བཛྲ། པདྨ་བཛྲ། ཨིནྟྲ་བྷུ་ཏི། ཕུན་ཚོགས་བདེ་བ། ནག་པོ་སྤྱོད་པ། བྲམ་ཟེ་དཔལ་སྦྱིན། ག་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ། སེ་མཁར་ཆུང་བ། རོལ་པའི་རྡོ་རྗེ། ས་སྐྱ་པ་ཆེན་པོ། རྗེ་བཙུན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ། ཆོས་རྗེ་ས་པཎ། ཤར་པ་ཤེས་རབ་འབྱུང་གནས། ཤར་