R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 34
[A:34]པ་རྡོ་རྗེ་འོད་ཟེར། འཕགས་པ་རིན་པོ་ཆེ། དམ་པ་ཀུན་གྲགས། རོང་མི་ཡེ་ཤེས། ཏྲེ་བོ་རྡོ་རྗེ་གྲགས། བག་སྟོན་གཞོན་ཚུལ། བླ་མ་ཚུལ་ཁྲིམས་རྒྱལ་མཚན། བླ་མ་ངག་དབང་པ། ཐེག་ཆེན་ཆོས་རྒྱལ། ཆོས་རྗེ་ཀུན་དགའ་རྒྱལ་མཚན། མཁན་ཆེན་ནམ་མཁའ་ལྷུན་བཟང་། མཉམ་མེད་དཔལ་འཛིན་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། ཐུགས་སྲས་ཀུན་དགའ་རྒྱལ་པོ། རིག་འཛིན་ཚེ་དབང་བཀྲ་ཤིས། ཚར་ཆེན་ཆོས་ཀྱི་རྒྱལ་པོ། བོད་མཁར་བ་བྱམས་པ་དོན་གྲུབ་རྒྱལ་མཚན། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །གྲི་གུག་ལྷ་ལྔ། ལྷ་བརྒྱད། ལྷ་བཅུ་གཉིས་མ་རྣམས་ཀྱི་རས་བྲིས་ཀྱི་དཀྱིལ་འཁོར་ཆེན་པོར་རྒྱ་གཞུང་ལུགས་ཀྱི་དབང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་གུར། བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ། ཤདྡྷ་ཀ་ར། ལོ་ཆེན། བྲག་སྟེང་པ། མལ་ལོ་ཙཱ་བ། རྗེ་ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། བཀྲས་ལུང་པ། དགེ་སྡིང་པ་ཆེན་པོ། སངས་རྒྱས་དཔལ། རིན་ཆེན་གླིང་པ། དཀར་གཤོག་པ། རིན་ཆེན་རྡོ་རྗེ། ཐེག་ཆེན་ཆོས་རྒྱལ། ཆོས་རྗེ་ཀུན་དགའ་རྒྱལ་མཚན་པ། མཁན་ཆེན་ཁྲོམ་ཡོན་པ། བྲག་ཐོག་པ་དཔལ་འཛིན་བཟང་པོ། རྡོ་རྗེ་གདན་པ། དེ་ལ་ཀླུ་དབང་གླིང་པ་ཀུན་དགའ་རྒྱལ་པོ་དང་། ལྕང་ལོ་ཅན་པ་བསོད་ནམས་མཆོག་ལྡན་གཉིས་ཀྱིས་ཞུས། དེ་གཉིས་ལ་རྗེ་ཚེ་བཀྲས་པས་ཞུས། དེ་ནས་ཚར་ཆེན་ཆོས་ཀྱི་རྒྱལ་པོ་མན་འདྲ། ༈ །ཁྱད་པར་ལྷ་བརྒྱད་ཀྱི་