R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 35
[A:35]དབང་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པས་རྒྱ་སྟོན་བྱང་ཆུབ་དབང་རྒྱལ་ལ་གནང་། དེ་ལ་རྗེ་ཚེ་བཀྲས་པས་གསན། ཡང་ན་འཕགས་པ་རིན་པོ་ཆེ། ཤར་པ་ཡེ་ཤེས་རྒྱལ་མཚན། བདེ་བ་ཅན་པ་ཡེ་ཤེས་མགོན། སྐྱི་སྟོན་གྲགས་རྒྱལ། ཀུན་མཁྱེན་དོལ་བུ། མཁན་ཆེན་བྱང་སེང་། ཐེག་ཆེན་པ་མན་འདྲ། ཡང་ན་འཕགས་པ་ནས། དམ་པ་ཀུན་དགའ་གྲགས། དགའ་ལྡན་པ་ཀུན་བསོད། བག་སྟོན། མཁན་ཆེན་ཤེས་རབ་རྡོ་རྗེ། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། བྲག་ཐོག་པ་བསོད་ནམས་བཟང་པོ། རྡོ་རྗེ་གདན་པ་མན་འདྲ། གྲི་གུག་ལྷ་ལྔ། ལྷ་བཅུ་གཉིས་མ། ལྷ་བཅུ་བདུན་མ་རྣམས་ཀྱི་ཐུན་མོང་གི་དབང་གི་བརྒྱུད་པ་ནི། རྡོ་རྗེ་གདན་པ། ཆག་ལོ་རིན་ཆེན་ཆོས་རྒྱལ། བདག་ཆེན་ངག་པ། ཚར་ཆེན་མན་འདྲ། ཡང་ན་དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། བླ་མ་དམ་པ། ཆོས་རྗེ་ཉི་མ་རྒྱལ་མཚན། རྣལ་འབྱོར་དབང་ཕྱུག་ཡེ་ཤེས་བཟང་པོ། རྒྱལ་སྲས་བློ་བཟང་དཔལ་འབྱོར། རིན་ཆེན་ཆོས་རྒྱལ། བདག་ཆེན་ངག་གི་དབང་ཕྱུག རྡོ་རྗེ་འཆང་ཚར་པ་མན་འདྲ། ཡང་ལྷ་བཅུ་གཉིས་མའི་བརྒྱུད་པ་ལུགས་གཅིག་ལ། ཤདྡྷ་ཀ་ར་ནས། ཇོ་བོ་རྗེ། ལོ་ཆེན་རིན་བཟང་། དགེ་ཚུལ་པུརྞ་ཎ། རྒྱ་ལྕགས་རི་གོང་པ། རྫིང་བུ་ཁ་པ་ཤཱཀྱ་གྲགས། སྤན་ཕུག་པ་དར་མ་ཤཱཀྱ། ཡང་ཡེ་ཤེས་རྒྱལ་མཚན། ཟེ་བ་དོན་གྲུབ་ཡེ་ཤེས། ཁམས་པ་ཤཱཀྱ་རྡོ་རྗེ། བར་ཐང་པ་ཆོས་གྲགས། བླ་མ་དར་མ་ཤཱཀྱ། སློབ་དཔོན་བསོད་ནམས་དབང་ཕྱུག གན་པ་རིན་རྒྱལ། བླ་མ་དམ་པ་ཏ་དབོན་ཆེན་མོ། ལོ་ཙཱ་བ་ཚུལ་ཁྲིམས་བརྟན་