R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 36
[A:36]པ། བྱམས་པ་གླིང་པ་བསོད་ནམས་རྣམ་རྒྱལ། ཐམས་ཅད་མཁྱེན་པ་ཚར་པ་ཆོས་རྗེ་མན་འདྲ། ཡང་ན་བསོད་ནམས་དབང་ཕྱུག བླ་མ་མཆོག་ལྡན། སྐྱི་སྟོན་གྲགས་པ་རྒྱལ་མཚན། རིན་ཆེན་རྡོ་རྗེ། མཁན་ཆེན་བྱང་ཆུབ་སེང་གེ ནམ་མཁའ་ཡེ་ཤེས། དེ་གསུམ་ལ་ཐེག་ཆེན་ཆོས་རྗེས་གསན། དེས་འཇམ་དབྱངས་གྲགས་པའི་དཔལ་མན་འདྲ། གྲི་གུག་ལྷ་ལྔའི་དཀྱིལ་ཆོག་བྲམ་ཟེས་མཛད་པ་པཎྜི་ཏ་ག་ཡ་དྷ་ར་དང་། འགོས་ལོས་བསྒྱུར་པའི་ལུང་ཡང་ཐོབ། ༈ །མགོན་པོ་ལྷ་བཅུ་བདུན་མའི་དཀྱིལ་འཁོར་ཆེན་པོར་དབང་བཞི་ཡོངས་སུ་རྫོགས་པ། མཐའ་རྟེན་སྐུ་གསུང་ཐུགས་ཀྱི་རྗེས་གནང་བཟླས་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། སློབ་དཔོན་བྲམ་ཟེ་མཆོག་སྲེད། སློབ་དཔོན་ལ་ལི་ཏ་བཛྲ། ནག་པོ་རོ་འཛིན། གྱི་ལྗང་དབུ་དཀར་བ། ཁམས་པ་ཚར་དགུ་སྟོན་པ། གྲུབ་སྟོན་བསོད་ནམས་གྲགས། བླ་མ་མོན་མིག་དམར་སྟོན། བླ་མ་ཞང་ཆུང་བ། ལང་འགྲོ་བྱང་ཆུབ་དར། དེ་ལ་ལྕེ་སྟོན་མདོ་སྡེ་སེང་གེ་དང་། དཔལ་ཆེན་སྐྱེ་མེད་ཇོ་གདན་གྱིས་ཞུས། དེ་གཉིས་ལ་གྲུ་སྟོན་ཤཱཀྱ་འབུམ། དགེ་བཤེས་དབུགས། བླ་མ་དྷརྨ་གཟི་བརྗིད། ཉི་ཐོག་པ་ཀུན་དགའ་ཟླ་བ། མདར་མཁན་པོ་བློ་གྲོས་རྒྱལ་མཚན། མཁན་ཆེན་སེང་གེ་དཔལ་བ། ཕ་ཆོས་རྗེ། ཐམས་ཅད་མཁྱེན་པ་གོང་དཀར་རྡོ་རྗེ་གདན་པ་མན་འདྲ། ཡང་ན་གྲུབ་སྟོན་ཤཱཀྱ་འབུམ། དེ་ལ་དཀར་གཤོང་པ་རྡོ་རྗེ་རྒྱལ་མཚན་དང་། བདག་པོ་བསོད་ནམས་ཡོན་ཏན་པས་གསན། དེ་གཉིས་ལ་བླ་ཆེན་ཆོས་དཔལ་བཟང་པོས་གསན། ལོ་ཙཱ་བ་མཛྙུ་ཤྲཱི་ཛྙཱ་ན། རྗེ་མུས་སྲད་པ། མུས་ཆེན་རྣམ་རྒྱལ་