R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 37
[A:37]བཟང་པོ། རྗེ་ཀླུ་དབང་གླིང་པ་མན་འདྲའོ། ༈ །གུར་གྱི་མགོན་པོ་ལྷ་བརྒྱད་སྦགས་ཏེ་སྒྲུབ་པ་ཐུན་མོང་མ་ཡིན་པའི་རྗེས་གནང་དང་། ལྷ་མགོན་བཅུ་གཉིས་མའི་རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་གུར། བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ། དད་བྱེད་གོ་ཆ། ལོ་ཆེན་རིན་བཟང་། བྲག་སྟེང་བ། མལ་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎ་ཆེན། འཕགས་པ་རིན་པོ་ཆེ། དམ་པ་ཀུན་དགའ་གྲགས། བླ་མ་བདག་ཉིད་ཆེན་པོ། མཁས་བཙུན་ནམ་མཁའ་ལེགས་པ། ཆོས་རྗེ་བླ་མ་དམ་པ། བླ་ཆེན་ཀུན་དགའ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རིང་པ། རྗེ་བཙུན་སྒོ་རུམ་པ། དེ་གཉིས་ལ་ཚར་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་མཁྱེན་བརྩེའི་དབང་ཕྱུག རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ལྷ་བརྒྱད་ཐུན་མོང་མ་ཡིན་པའི་བརྒྱུད་པ་རྫོང་ལུགས་ནི། འཕགས་པ་ནས། ཞང་པ། ན་བཟའ་པ། བླ་མ་དམ་པ། གཟུངས་པ། དགེ་བཟང་པ། བླ་མ་རིན་ཆེན། ཟུར་ཤཱཀྱ་དཔལ་བ། རྗེ་མུས་སྲད་པ། སྒྱི་ཆུ་བ་ཤེས་རབ་རིན་ཆེན། ཚར་ཆེན་མན་འདྲ། ཡང་ན་བྲག་ཕུག་པ་ནས། བྲག་ཕུག་པ་དཀོན་མཆོག་རྒྱལ་མཚན། ས་སྐྱ་བུ་སྟོན་དབང་ཕྱུག་དར། ཐེག་ཆེན་ཆོས་རྒྱལ། རྫོང་པ་ཀུན་དགའ་