R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 61
[A:61]འགྱུར་མེད་བདེ་ཆེན་ཡང་ཕལ་ཆེར་སྔར་དང་འདྲ་བ་ལས། ལོ་ཆེན་འགྱུར་མེད་བདེ་ཆེན་གྱི་རྗེས་སུ། རྗེ་བཙུན་ཨ་ཝ་དྷུ་ཏི་པ། མཁན་ཆེན་ཐམས་ཅད་མཁྱེན་པ་འཇམ་པའི་དབྱངས། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །བུ་སྟོན་དང་མཁྱེན་རབ་ཆོས་རྗེའི་ཡིག་ཆ་དེ་དག་གི་བརྒྱུད་པའི་ལུགས་གཅིག་ནི། མཁྱེན་རབ་རྗེ་རྒྱལ་མཚན་རིན་ཆེན། དོན་གྲུབ་རྒྱལ་མཚན། བྱང་གླིང་རྗེ། རིན་ཆེན་དབང་ཕྱུག རིན་ཆེན་རྒྱ་མཚོ། བྷིཀྵུ་ཀུ་ས་ལི་པ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་གི་བརྒྱུད་པ་ནི། བུ་སྟོན། བདེ་ཆེན་པ་ཆོས་ཀྱི་དཔལ། རྒྱལ་བ་དཔལ་ལགས། འདུས་བཟང་པ། ཐར་པའི་མཚན་ཅན། ཞྭ་ལུ་ལོ་ཙཱ་བ། ས་ལོ་འཇམ་པའི་རྡོ་རྗེ། པཎ་ཆེན་པྲ་ཛྙཱ་མངྒ་ལཾ།
འདིའི་བར་ནས་བླ་མ་འགའ་ཞིག་མ་རྙེད།
རྗེ་བསོད་ནམས་རྒྱ་མཚོ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །དུས་འཁོར་སྡོམ་ཆེན་གྱི་དབང་ཐོབ་པའི་བརྒྱུད་པ་ནི། བུ་སྟོན་ནས། བྷུ་ཊ་བ་ཡོན་ཏན་འབྱུང་གནས། ཆོས་རྒྱལ་རྣམ་རྒྱལ་གྲགས་བཟང་མན་གོང་བཞིན་ནོ། ༈ །ཡེ་ཤེས་ཁྱུང་ཁྲའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཀུན་མཁྱེན་ཆེན་པོ། འགའ་རོང་པ་ལྷའི་རྒྱལ་མཚན། ཆོས་རྗེ་ས་བརྩོན་པ། ཆོས་རྒྱལ་རྣམ་རྒྱལ་གྲགས་བཟང་མན་སྔར་དང་འདྲ། ༈ །རྡོ་རྗེ་ཤུགས་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། དུས་འཁོར། ཤཱཀྱ་ཐུབ་