R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 62
[A:62]པ། ཆོས་རྒྱལ་སོ་ལྔ། དུས་ཞབས་ཆེ་ཆུང་། ཟླ་བ་མགོན་པོ། སྒྲོ་སྟོན་ལོ་ཙཱ་བ། ལྷ་རྗེ་བསྒོམ་པ། སྒྲོ་སྟོན་གནམ་ལྷ་བརྩེགས། མི་བསྐྱོད་རྡོ་རྗེ། སྲས་མཆོག་དྷརྨཱེ། ནམ་མཁའ་འོད་ཟེར། ནམ་མཁའ་རྒྱལ་མཚན། འཇམ་གསར་ཤེས་འོད། ཀུན་མཁྱེན་ཆོས་སྐུ་བ། ཐུགས་རྗེ་བརྩོན་འགྲུས། བྱང་སེམས་རྒྱལ་ཡེ། ཡོན་ཏན་རྒྱ་མཚོ། ཀུན་མཁྱེན་ཇོ་ནང་པ། ཕྱོགས་ལས་རྣམ་རྒྱལ། ཉང་དབོན་ཀུན་དགའ་དཔལ། གྲུབ་ཆེན་ཀུན་བློ། དཀོན་མཆོག་བཟང་པོ། ལོ་ཆེན་ཆོས་སྐྱོང་བཟང་པོ། ལོ་ཆེན་རཏྣ་བྷ་དྲ། རྗེ་འགྱུར་མེད་བདེ་ཆེན། རྗེ་ཨ་ཝ་དྷུ་ཏི་པ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །གྲུབ་ཐོབ་མན་ལུང་པ་ནས་བརྒྱུད་པའི་དུས་འཁོར་སྙན་བརྒྱུད་ཀྱི་ཁྲིད་ཞལ་ཤེས་དང་བཅས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རིགས་གསུམ་མགོན་པོ། མན་ལུང་པ། ཡར་ལུང་ལོ་ཙཱ་བ། སྙེ་མདོ་པ། ཀ་བཅུ་པ། ཧཱུྃ་ཆེན་རིན་པོ་ཆེ། སྦས་པའི་སངས་རྒྱས་ཧཱུྃ་རྒྱལ་བ། འཆི་མེད་གྲུབ་པ། ཆོས་སྐྱབས་པ། པཎ་ཆེན་རིན་པོ་ཆེ། རཏྣ་བྷ་དྲ། འགྱུར་མེད་བདེ་ཆེན། བསོད་ནམས་རྒྱ་མཚོ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །གྲུབ་ཐོབ་ཨུ་རྒྱན་པ་ནས་བརྒྱུད་པའི་བསྙེན་སྒྲུབ་ཟབ་མོ་ཉམས་ཁྲིད་དུ་ཐོབ་ནས། དེ་དང་འབྲེལ་བའི་རྒྱབ་ཆོས་ལུང་གི་ཆོས་སྣའི་རྣམ་གྲངས་ལ། ཨུ་རྒྱན་པའི་གསུང་འཕྲོས་རྣམ་ཐར་མ། རྡོ་རྗེའི་ཚིག་རྐང་། བསྙེན་སྒྲུབ་ཀྱི་སྔོན་འགྲོའི་ཁྲིད་ཡིག བསྙེན་སྒྲུབ་ཀྱི་དངོས་གཞིའི་ཁྲིད་ཟླ་