[A:63]སེང་པས་མཛད་པ་རྣམས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་ཕག་མོ། གྲུབ་ཐོབ་ཨུ་རྒྱན་པ། ཟླ་བ་སེང་གེ རྟོགས་ལྡན་གྲགས་སེང་པ། དར་མ་རྒྱལ་མཚན། མཁའ་སྤྱོད་དབང་པོ། བསོད་སྙོམས་འབུམ། ཆོས་དཔལ་ཡེ་ཤེས། བླ་མ་རྒྱལ་མཚན། སྤྱན་སྔ་སྤྲུལ་པའི་སྐུ། ཀུན་མཁྱེན་བླ་མ། རཏྣ་བྷ་དྲ། ཏིང་འཛིན་རྒྱལ་པོ། ཀ་བཅུ་པ་རྡོ་རྗེ་བཟང་པོ། རྗེ་ཨ་ཝ་དྷུ་ཏི་པ། བསོད་ནམས་རྒྱ་མཚོ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན་རཏྣ་བྷ་དྲ། འགྱུར་མེད་བདེ་ཆེན། རྗེ་ཨ་ཝ་དྷུ་ཏི་པ་མན་འདྲ། ༈ །ཚ་ཆུང་སྙན་བརྒྱུད་དུ་གྲགས་པའི་ཁྲིད་ཟབ་མོ་ཕྱག་ལེན་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཐོབ་ཨུ་རྒྱན་པ། རྟོགས་ལྡན་ཚ་ཆུང་བ། ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན། ཟླ་བ་སེང་གེ ཇོ་ནང་སྒོམ་ཆེན་པ། བྱ་བཏང་བ་གཞོན་ནུ་བ། མཚན་ལྡན་སྤྲུལ་པའི་ཡུམ་ཆེན། རི་ཁྲོད་མ་དཔལ་ལྡན་མཚོ་མོ། རྟོག་ལྡན་གུ་རུ་བསམ་འགྲུབ། དཀོན་མཆོག་བསམ་འགྲུབ། ནམ་མཁའ་བསོད་ནམས་དཔལ་འབྱོར། རཏྣ་ཨ་ནནྡ་བྷ་ག མཁན་ཆེན་ཤེས་རབ་རིན་ཆེན། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་བརྒྱུད་པ་གཞན་རྣམས་ཨུ་རྒྱན་བསྙེན་སྒྲུབ་དང་འདྲ་བ་ལས། རྗེ་རཏྣ་བྷ་དྲ། རྗེ་འགྱུར་མེད་བདེ་ཆེན། རྗེ་ཨ་ཝ་དྷུ་ཏི་པ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་