R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 64
[A:64]ཀུན་དགའ་བསོད་ནམས་ལའོ། ༈ །ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་ཁྲིད་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཏེ་ལོ་པ། ནཱ་རོ་པ། མར་པ། མི་ལ། ཟླ་འོད་གཞོན་ནུ། ཕག་མོ་གྲུབ་པ། རྒྱ་མཚོའི་མཚན་ཅན། ཀུན་ལྡན་པ། ལོ་ཙཱ་བ། བསོད་ནམས་དབང་ཕྱུག ཡང་རྩེ་བ། བུ་སྟོན་རིན་པོ་ཆེ། ཐུགས་སྲས་ལོ་ཙཱ་བ། ཙཎྜ་ཤྲཱི། བསམ་ལྡིང་པ། མཁྱེན་རབ་ཆོས་རྗེ། དབུ་རྒྱན་རྫོང་པ། རྗེ་རཏྣ་བྷ་དྲ། འགྱུར་མེད་བདེ་ཆེན། རྗེ་ཨ་ཝ་དྷུ་ཏཱི་པ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ནཱ་རོ་ཆོས་དྲུག་གི་ཁྲིད་ཟབ་མོ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཏེ་ལོ་པ། ནཱ་རོ་པ། མར་པ། མི་ལ། སྒམ་པོ་པ། ཐར་ཙ་བ། སྟག་ལུང་པ་བཀྲ་ཤིས་དཔལ། སྐུ་ཡལ་ཅན། སངས་རྒྱས་ཡར་བྱོན། བཀྲ་ཤིས་བླ་མ། སངས་རྒྱས་དཔལ་བཟང་། ནམ་མཁའ་དཔལ། རཏྣ་གུ་རུ། རཏྣ་ཀ་ར། བཀྲ་ཤིས་དཔལ་བརྩེགས། བྱང་ཆུབ་རྒྱ་མཚོ། བཀྲ་ཤིས་དཔལ་འོད། ངག་དབང་གྲགས་པ། ཨུ་རྒྱན་རྫོང་པ། རྗེ་རཏྣ་བྷ་དྲ། རྗེ་འགྱུར་མེད་བདེ་ཆེན། རྗེ་ཨ་ཝ་དྷུ་ཏི་པ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཛམ་བྷི་རིའི་རླུང་ཁྲིད་ཟབ་མོ་ཐོབ་པའི་བརྒྱུད་པ་ནི། གྷོ་རཀྵ་པ། ཛཾ་བྷི་ར། མ་ཎི་ཀ་ཎ་ཐ་པ། རྗེ་བཙུན་མཁྱེན་བརྩེ། འོད་ཟེར་མཚན་ཅན། གྲུབ་མཆོག་དབང་ཕྱུག་རབ་བརྟན། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་