R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 70
[A:70]རྒྱལ། མཁྱེན་རབ་རིན་པོ་ཆེ། སྤྱན་སྔ་ངག་དབང་ཆོས་གྲགས། ཤེའུ་ལོ་ཙཱ་བ། རྗེ་ནམ་མཁའ་ཆོས་དར། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །འབའ་ར་ལུགས་ཀྱི་ཚེ་ཁྲིད་ཟབ་མོ་ཉམས་ཁྲིད་དུ་མནོས་ནས། དེ་དང་འབྲེལ་བའི་ཡིག་ཆའི་རྣམ་གྲངས་ལ། སྔོན་འགྲོ་ཐར་པའི་སྒོ་འཇུག དངོས་གཞི་རིན་ཆེན་གཏེར་མཛོད། ཟུར་འདེབས་རི་ཁྲོད་པ་གཞོན་ནུ་རྒྱལ་མཚན་གྱིས་མཛད་པ། ཞལ་ཤེས་ཀྱི་གདམས་པ་དང་བཅས་པ་རྣམས་ཐོབ་པའི་བརྒྱུད་པ་ནི། འོད་དཔག་མེད། མ་གཅིག་གྲུབ་པའི་རྒྱལ་མོ། ཏི་ཕུ་གསང་སྔགས་ཀྱི་སྡོང་པོ། རས་ཆུང་རྡོ་རྗེ་གྲགས། མི་ལ་རྡོ་རྗེ་རྒྱལ་མཚན། སྒམ་པོ་ཟླ་འོད་གཞོན་ནུ། ཁམས་པ་རྡོ་རྗེ་རྒྱལ་པོ། སྐྱུ་ར་རིན་པོ་ཆེ། སྤྱན་སྔ་རིན་པོ་ཆེ། ཆོས་རྗེ་ཡང་དགོན་པ། སྤྱན་སྔ་རིན་ལྡན། ཆོས་རྗེ་ཟུར་ཕུག་པ། ཆོས་རྗེ་འབའ་ར་བ་རྒྱལ་མཚན་དཔལ་བཟང་པོ། འཇམ་དབྱངས་ཆོས་ཀྱི་རྒྱལ་པོ། སངས་རྒྱས་སེང་གེ རིན་ཆེན་རྒྱལ་མཚན། ཡེ་ཤེས་རིན་ཆེན། ཡོན་ཏན་དཔལ་འབྱུང་། བསོད་ནམས་ཤེས་རབ། གྲུབ་ཆེན་ཀུན་མཁྱེན། གྲུབ་ཐོབ་ཀུན་དགའ་བཟང་པོ། སྤྲུལ་སྐུ་ཆེན་པོ། རིན་ཆེན་སྙིང་རྗེ་བཟང་པོ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཤངས་པ་བཀའ་བརྒྱུད་ལས་འོངས་པའི་ཕྱག་ཆེན་གའུ་མ་མྱོང་ཁྲིད་དུ་མནོས་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ནཻ་གུ་མ། ཁྱུང་པོ་རྣལ་འབྱོར། རྨོག་ལྕོག་པ། སྐྱེར་སྒང་པ། གཉན་སྟོན་པ། ཆོས་རྗེ་སྟོན་