[A:71]པ། གཙང་མ་ཤང་སྟོན། མཁས་བཙུན་རྒྱལ་མཚན་འབུམ། འཇག་ཆེན་བྱམས་པ་དཔལ་བཟང་། འཇམ་དབྱངས་བློ་གྲོས་དཔལ་བཟང་། འཇག་ཆེན་ཀུན་དགའ་དཔལ་བཟང་། རྗེ་བསོད་ནམས་བཟང་པོ། རྗེ་བྱམས་པ་ཆོས་ཀྱི་ཉི་མ། རྗེ་བཙུན་ངག་དབང་ཆོས་གྲགས་རྒྱལ་མཚན། རྗེ་ཀུན་དགའ་ཆོས་གྲགས། བླ་མ་ནམ་མཁའ་ཆོས་དར། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ས་སྐྱ་པའི་ཡབ་ཆོས་དམར་མོ་སྐོར་གསུམ་གྱི་ནང་ཚན་ནཱ་རོ་མཁའ་སྤྱོད་སིནྡྷུ་རའི་དཀྱིལ་འཁོར་དུ་བྱིན་རླབས་སྔོན་དུ་འགྲོ་བའི་བསྐྱེད་རིམ་རྣལ་འབྱོར་བཅུ་གཅིག་མྱོང་ཁྲིད་རྗེ་མཁྱེན་བརྩེའི་དབང་ཕྱུག་གི་ཡིག་ཆའི་སྟེང་ནས་ཤིན་ཏུ་ཞིབ་པ་ལུང་དང་བཅས་པ། དེའི་ལུས་དཀྱིལ་གྱི་ཡིག་ཆུང་ཡིད་བཞིན་ནོར་བུ་བསམ་མི་ཁྱབ་ཐུན་མོང་མ་ཡིན་པའི་མན་ངག་ཟབ་མོ་གསེར་ཆོས་མ། ནཱ་རོ་མཁའ་སྤྱོད་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་དང་། མཁའ་སྤྱོད་ཞལ་བཟང་བལྟ་བའི་སྨོན་ལམ་ཚར་ཆེན་གྱིས་མཛད་པ། བདེ་མཆོག་ཡབ་ཡུམ་ཐུན་མོང་བ་དང་། ཡུམ་རྐྱང་གི་འཕོ་བའི་ཡིག་རྙིང་། རྫོགས་རིམ་ཟབ་མོ་རྩ་དབུ་མ་ཡུམ་ལ་སྦྱར་བའི་ཁྲིད། དེ་ཉིད་ཀྱི་དེ་ཁོ་ན་ཉིད་དངོས་སུ་སྟོན་པའི་བརྡ་ཆོས་ཀྱི་བྱིན་རླབས་ཁྱད་པར་ཅན་དང་བཅས་པ་རྣམས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་ཆོས། རྡོ་རྗེ་རྣལ་འབྱོར་མ། ནཱ་རོ་ཏ་པ། ཕཾ་མཐིང་པ། ཤེས་རབ་བརྩེགས། མལ་ལོ་ཙཱ་བ། བླ་ཆེན་ས་སྐྱ་པ། རྗེ་བཙུན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ། ཆོས་རྗེ་ས་པཎ། ཆོས་རྒྱལ་འཕགས་པ། ཞང་སྟོན་ཆོས་