[A:152]པ། རྗེ་ལོ་ཕུ་བ། དེས་བདག་ས་སྐྱ་པ་ཨཱ་ནནྡ་ལའོ། ༈ །རྗེ་རྡོ་རྗེ་གདན་པ་ཆེན་པོས་མཛད་པའི་ཀྱཻ་རྡོ་རྗེའི་མངོན་རྟོགས་ཀྱི་རྣམ་བཤད་ཉིན་བྱེད་སྣང་བའི་ལུང་ཐོབ་པའི་བརྒྱུད་པ་ནི། རྗེ་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། དེས་བརྒྱུད་པ་གསུམ་ཙམ་བརྒྱུད་ནས་རྗེ་རབ་འབྱམས་སྨྲ་བ་ནམ་མཁའི་མཚན་ཅན། རྗེ་ལོ་ཕུ་བ། དེས་བདག་ས་སྐྱ་པ་ཨཱ་ནནྡ་ལའོ། ༈ །ཀུན་རིག་གཞན་ཕན་འོད་ཟེར་གྱི་རྣམ་བཤད་གཞན་ཕན་གསལ་བྱེད་ཉི་མའི་འོད་ཟེར་ལོ་ཕུ་བ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི་བརྒྱུད་པ་ནི། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བྱམས་པ་ཡེ་ཤེས་འབྱུང་གནས། འཇམ་དབྱངས་སངས་རྒྱས་བཀྲ་ཤིས། བྱམས་པ་དཔལ། ༈ །ཡང་ན་རྗེ་ནམ་མཁའ་དབང་ཕྱུག ཐུགས་སྲས་བརྩོན་འགྲུས་འོད་ཟེར། འཇམ་དབྱངས་སངས་རྒྱས་བཀྲ་ཤིས། ༈ །ཡང་ན་གྲུབ་མཆོག་ནམ་མཁའ་རྒྱལ་མཚན། མཉམ་མེད་སངས་རྒྱས་དོན་འགྲུབ། འཇམ་དབྱངས་སངས་རྒྱས་བཀྲ་ཤིས། ལ་རུའི་བན་དྷེ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་སྤྱན་རས་གཟིགས་འགྲོ་འདུལ་གྱི་དབང་ཆོག་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་གྱིས་མཛད་པའི་ལུང་གི་བརྒྱུད་པ་ནི། རྗེ་ནམ་མཁའ་རྒྱལ་མཚན། རྗེ་ཡེ་ཤེས་འབྱུང་གནས། རྗེ་བྱམས་པ་སངས་རྒྱས་བཀྲ་ཤིས། རྗེ་ལ་རུ་བ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་རྟོག་པ་བདུན་པའི་རྣམ་བཤད་ངེས་དོན་སྣང་བའི་ལུང་བཤད་ཐོབ་པའི་བརྒྱུད་པ་ནི། ལོ་ཙཱ་བ་ངག་