[A:151]མཚན། དེས་མཁས་མཆོག་ནམ་མཁའ་དབང་ཕྱུག དེས་ཐུགས་སྲས་བརྩོན་འགྲུས་འོད་ཟེར། དེས་འདྲེན་མཆོག་འཇམ་དབྱངས་སངས་རྒྱས་བཀྲ་ཤིས་ལ་གནང་། དེས་ཆོས་རྗེ་ལ་རུ་བ། དེས་བདག་ས་སྐྱ་པ་ཨཱ་ནནྡ་ལའོ། ༈ །ཡང་ན་ཐེག་ཆེན། འཇམ་དབྱངས་གྲགས་པ། མཉམ་མེད་དཔལ་ལྡན་ཆོས་སྐྱོང་། གྲུབ་ཆེན་ཆོས་རྗེ། མཉམ་མེད་ཤཱཀྱ་ཡེ་ཤེས། ལོ་ཆེན་རཏྣ་བྷ་དྲ། འཇམ་དབྱངས་ནམ་མཁའ་རྒྱལ་མཚན་མན་སྔར་ལྟར་རོ། ༈ །ཀྱཻ་རྡོ་རྗེ་རྩ་རྒྱུད་བརྟག་པ་གཉིས་པའི་འགྲེལ་པ་དག་ལྡན་སྙེ་མའི་ལུང་རྒྱུན་ཆད་ལ་ཉེ་བ་དོན་གཉེར་ཆེར་བྱས་ནས་ཐོབ་པའི་བརྒྱུད་པ་ནི། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་གྲགས་པའི་དཔལ། བདག་ཆེན་དཔལ་ལྡན་ཆོས་སྐྱོང་། གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན། སྒྱི་ཆུ་བ་བྱམས་པ་དཀོན་མཆོག་དཔལ། པཎ་ཆེན་ལྷ་དབང་བློ་གྲོས། མཁས་གྲུབ་དར་མ་རིན་ཆེན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། མཁན་ཆེན་ནམ་མཁའ་དབང་ཕྱུག ཐུགས་སྲས་བརྩོན་འགྲུས་འོད་ཟེར། འཇམ་དབྱངས་སངས་རྒྱས་བཀྲ་ཤིས། རྗེ་ལོ་ཕུ་བ། དེས་བདག་ས་སྐྱ་པ་ཨཱ་ནནྡ་ལའོ། ༈ །ཡང་ན་མཉམ་མེད་དཔལ་ལྡན་ཆོས་སྐྱོང་། ལོ་ཕུ་བ་གྲུབ་ཆེན་ཆོས་ཀྱི་རིན་ཆེན། རྗེ་དབོན་ཆེན་བརྩོན་འགྲུས་རྒྱ་མཚོ། འབུམ་ཆེན་བློ་གྲོས་དཔལ་ལྡན་པ། འདྲེན་མཆོག་སངས་རྒྱས་མགོན་པོ། འཇམ་དབྱངས་ནམ་མཁའ་རྒྱལ་མཚན་མན་གོང་དང་འདྲ། ༈ །ཡང་ན་པཎ་ཆེན་ལྷ་དབང་བློ་གྲོས། རྗེ་ཡོན་ཏན་ལྷུན་གྲུབ། མཁན་ཆེན་བྱམས་པ་བཟང་པོ། འབུམ་ཆེན་བློ་གྲོས་མཆོག་ལྡན། དྲུང་དཀོན་མཆོག་