[A:153]དབང་གྲགས་པ། མངའ་རིས་བླ་ཆེན་ཆོས་དཔལ་བཟང་པོ། གཙང་བྱམས་པ་རྡོ་རྗེ་རྒྱལ་མཚན། མཁས་གྲུབ་ཤེས་རབ་རིན་ཆེན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བྱམས་པ་ཡེ་ཤེས་འབྱུང་གནས། བྱམས་པ་སངས་རྒྱས་བཀྲ་ཤིས། ལ་རུའི་བན་དྷེ། དེས་ས་སྐྱ་པ་ཨཱ་ནནྡ་ལའོ། ༈ །ཡང་ན་ལོ་ཙཱ་ངག་དབང་གྲགས་པ། ཨཱ་ནནྡ་མ་ཏི། གྲུབ་ཆེན་ཆོས་ཀྱི་རིན་ཆེན། དབོན་ཆེན་བརྩོན་འགྲུས་རྒྱ་མཚོ། རྗེ་སངས་རྒྱས་མགོན་པོ། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། གྲུབ་མཆོག་སངས་རྒྱས་འོད་ཟེར། བྱམས་པ་ཡེ་ཤེས་འབྱུང་གནས་མན་གོང་དང་འདྲ། ཡང་ན་གྲུབ་ཆེན་ཆོས་ཀྱི་རིན་ཆེན། དབོན་ཆེན་བརྩོན་འགྲུས་རྒྱ་མཚོ། མཁས་གྲུབ་བཟང་པོ་རྒྱལ་མཚན། མཉམ་མེད་སངས་རྒྱས་དོན་གྲུབ། ཐུགས་སྲས་བརྩོན་འགྲུས་འོད་ཟེར། བྱམས་པ་སངས་རྒྱས་བཀྲ་ཤིས་མན་འདྲ། ༈ །བདེ་མཆོག་དཀའ་འགྲེལ་རྗེ་གྲུབ་ཆེན་བྱམས་པ་ཆོས་ཀྱི་རིན་ཆེན་གྱིས་མཛད་པའི་ལུང་ཡང་ཐོབ་པའི་བརྒྱུད་པ་ནི། གྲུབ་ཆེན་ཆོས་རྗེ། དབོན་ཆེན་བརྩོན་འགྲུས་རྒྱ་མཚོ། རྗེ་སངས་རྒྱས་མགོན་པོ། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བྱམས་པ་ཡེ་ཤེས་འབྱུང་གནས། འཇམ་དབྱངས་སངས་རྒྱས་བཀྲ་ཤིས། ལ་རུ་བ། དེས་བདག་ས་སྐྱ་པ་ཨཱ་ནནྡ་ལའོ། ༈ །ཡང་ན་རྗེ་སངས་རྒྱས་མགོན་པོ། གྲུབ་མཆོག་སངས་རྒྱས་འོད་ཟེར། བྱམས་པ་ཡེ་ཤེས་འབྱུང་གནས། འཇམ་དབྱངས་སངས་རྒྱས་བཀྲ་ཤིས་མན་གོང་དང་འདྲ། ༈ །ཡང་ན་རྗེ་སངས་རྒྱས་མགོན་པོ། འདྲེན་མཆོག་བཟང་པོ་རྒྱལ་མཚན། མཉམ་མེད་སངས་རྒྱས་དོན་