[A:154]འགྲུབ། ཐུགས་སྲས་བརྩོན་འགྲུས་འོད་ཟེར། འཇམ་དབྱངས་སངས་རྒྱས་བཀྲ་ཤིས་མན་འདྲ། ༈ །ཡང་ན་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། རྗེ་ནམ་མཁའ་དབང་ཕྱུག ཐུགས་སྲས་དམ་པ་བརྩོན་འགྲུས་འོད་ཟེར། འཇམ་དབྱངས་བཀྲ་ཤིས་མན་འདྲ། ༈ །གྲུབ་ཆེན་ཆོས་རྗེའི་བཀའ་འབུམ་དཀར་ཆག་ནང་བཞིན་གྱི་བརྒྱུད་པ་ཡང་འདི་དང་མཚུངས། ༈ །ཡང་ན་ཨཱ་ནནྡ་མ་ཏིའི་བཀའ་འབུམ་དཀར་ཆག་ནང་བཞིན་དང་། གྲུབ་ཆེན་ཆོས་ཀྱི་རིན་ཆེན་གྱི་བཀའ་འབུམ་བརྒྱུད་པའི་ལུགས་གཅིག་ནི། དབོན་ཆེན་བརྩོན་འགྲུས་རྒྱ་མཚོ། སེམས་དཔའ་ཆེན་པོ་བསོད་ནམས་རྒྱ་མཚོ། འཇམ་དབྱངས་ནམ་མཁའ་དབང་ཕྱུག་མན་སྔར་དང་འདྲ། ༈ །ཡང་རྗེ་ཀླུ་སྒྲུབ་རྒྱ་མཚོས་མཛད་པའི་བསྟན་རྩིས་ལྷག་བསམ་རབ་དགའ། ཀླུ་སྒྲུབ་བསྟོད་པ་རྩ་འགྲེལ། རྗེ་རང་ཉིད་ཀྱི་རྣམ་ཐར་ཆེན་མོ། དཔལ་གྱི་འཁྲི་ཤིང་གི་གཞུང་ཚིགས་བཅད་མ་ཡོངས་རྫོགས། དེའི་རྣམ་རིག་རྟོགས་བརྗོད་དང་དབུ་མ་རྟོགས་བརྗོད་གཉིས་ཀྱི་རང་འགྲེལ་གཉིས། ༈ །རྗེ་ཚར་ཆེན་གྱི་རྣམ་ཐར་འཇམ་དབྱངས་དགའ་བས་མཛད་པ་རྣམས་ཀྱི་ལུང་ཐོས་པའི་བརྒྱུད་པ་ནི། རྗེ་ཀླུ་སྒྲུབ་རྒྱ་མཚོ། ཆོས་རྗེ་འཇམ་དབྱངས་དགའ་བ། བྱ་ཤོང་མཁན་ཆེན་ཀིརྟི་བི་ཛ་ཡ། དེས་བྷུ་མི་པཎྜུ་ཨཱ་ནནྡ་ལའོ། ༈ །ཡང་གུར་དྲག་མྱང་ལུགས་ཀྱི་དབང་བསྡུས་པ་གཏོར་དབང་ལ་བརྟེན་པ། རྒྱས་པ་དཀྱིལ་འཁོར་ལ་བརྟེན་པ། སྡེ་བརྒྱད་ཀྱི་སྲོག་དབང་རྣམས་སྔོན་དུ་འགྲོ་བའི། དེའི་ཆོས་སྐོར་རྣམས་གཏེར་ཆོས་དཀར་ཆག་ནང་བཞིན་གྱི་པོ་ཏིའི་ལུང་ཡོངས་རྫོགས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་