R386: ས་སྐྱ་པ་ཨཱ་ནནྡའི་མིང་ཅན་གྱི་ཐོབ་ཡིག་ཆེན་མོའི་ཁ་སྐོང་བརྗེད་བྱང་དུ་བཀོད་པ་དོན་གཉིས་མཐར་ཕྱིན་བསམ་པ་ལྷུན་གྲུབ།

  • Pagination (Witness A): 155
[A:155]སེམས་དཔའ། སྤྲུལ་སྐུ་པད་མ་འབྱུང་གནས། མངའ་བདག་ཉང་སྲས་མི་བསྐྱོད་རྡོ་རྗེ། མཉོས་སྟོན། མཉོས་ཞིག གཟུགས་སྟོན་ཞིག་པོ། གཟུགས་སྟོན་རིན་ཆེན་རྒྱལ། རྟོགས་ལྡན་ཆོས་ཉིད་རང་གྲོལ། སེང་གེ་སྒང་པ་ནམ་མཁའི་རྣལ་འབྱོར། འཇམ་དབྱངས་ཆོས་རྗེ། ཀུན་མཁྱེན་གྲགས་པ་དཔལ་འབྱོར། རབ་འབྱམས་རྒྱལ་མཚན་དཔལ་བཟང་། བླ་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། གོང་ར་ལོ་ཆེན་ངག་དབང་གཞན་ཕན་རྡོ་རྗེ། སྔགས་འཆང་ནམ་མཁའ་འཇམ་དབྱངས། དེ་ལྟར་སྔགས་འཆང་མཉྫུའི་མཚན་ཅན་དེ་ཉིད་དང་། རྗེ་སྤྱན་སྔ་ཀུན་དགའ་དོན་འགྲུབ་གཉིས་ལས་འདིའི་ཆོས་སྐོར་ཡོངས་རྫོགས་བྷུ་མི་པཎྜུ་ཨཱ་ནནྡས་ཐོས་སོ། ༈ །དེ་ལྟར་ཡོངས་འཛིན་དམ་པ་མཆོག་རྣམས་ལས། །ཟབ་རྒྱས་ཐོས་ཚུལ་ངོམས་མེད་ནོས་པ་ལས། །ཐོས་ཡིག་ཆེན་མོ་སྔར་དུ་བཤད་ཟིན་ཀྱང་། །དེ་ཡི་ཁ་སྐོང་དོན་གཉིས་མཐར་ཕྱིན་པའི། །བསམ་པ་ལྷུན་གྲུབ་ཅེས་བྱའི་བརྗེད་བྱང་འདི། །ས་སྐྱར་གནས་པའི་སྔགས་འཆང་རྡོ་རྗེ་འཛིན། །ཀུན་དགའི་མིང་ཅན་དེ་ཡིས་མགྱོགས་པར་སྦྱར། །འདི་ཡི་ཡི་གེའི་འདུ་བྱེད་དམ་ཚིག་ཅན། །དད་ལྡན་དགེ་སློང་བསོད་ནམས་རབ་བརྟན་ནོ། །འདི་བགྱིས་དགེ་བས་བདག་ཅག་དཔོན་སློབ་ཀྱི། །བསམ་པ་ཐམས་ཅད་ཡིད་བཞིན་འགྲུབ་གྱུར་ཅིག །སརྦ་མངྒ་ལཾ།། ༈ །།ཡང་གོང་གི་ཐོབ་ཡིག་ཆེན་མོའི་ནང་དུ་མ་འདུས་པའི་བཀའ་དྲིན་ཅན་གྱི་བླ་མ་སོ་སོ་ལས་དམ་པའི་ཆོས་ཀྱི་བཀའ་དྲིན་ནོས་པའི་ཚུལ་འགའ་ཞིག་ཁ་སྐོང་གི་ཚུལ་དུ་བརྗོད་པར་བྱ་སྟེ། དེ་ཡང་མཁན་ཆེན་ཐམས་ཅད་