[A:156]མཁྱེན་པའི་དྲུང་དུ། མཁས་གྲུབ་ཤངས་པ་གདུབ་བུ་པའི་ཟབ་ཆོས་ཐོབ་པ་ལ་མཁས་གྲུབ་ཁྱུང་པོ་ལ་ནཻ་གུ་མས་ཐོག་མར་གནང་བའི་སྒྱུ་ལུས་རྨི་ལམ་གྱི་དབང་སྒྱུ་ལུས་དབང་མོ་ཆེར་གྲགས་པ་ཀུན་མཁྱེན་གངས་ཁྲོད་པས་མཛད་པའི་འཇུག་སྒོ་ཡོན་ཏན་ཀུན་འབྱུང་གི་སྟེང་ནས་སྩལ་ཏེ་ཐོབ། དེ་ནས་ཆོས་དྲུག་གི་ཁྲིད། ཕྱག་ཆེན་གའུ་མ། ལམ་ཁྱེར་རྣམ་གསུམ། ལུས་སེམས་འཆི་མེད་ཀྱི་ཁྲིད་རྣམས་ཐོབ་ནས། ལུང་གི་སྐོར་ལ། ཆོས་དྲུག་རྡོ་རྗེའི་ཚིག་རྐང་། ནཻ་གུ་མའི་རྣམ་ཐར་རྨོག་ཅོག་པས་མཛད་པ། མཁས་གྲུབ་ཁྱུང་པོའི་རྣམ་ཐར་རང་ཉིད་ཀྱིས་མཛད་པ། རྨོག་ཅོག་པའི་རྣམ་ཐར་རང་ཉིད་ཀྱིས་མཛད་པ། དབོན་སྟོན་སྐྱེར་སྒང་པའི་རྣམ་ཐར། གཉན་སྟོན་པའི་རྣམ་ཐར། སངས་རྒྱས་སྟོན་པའི་རྣམ་ཐར། བརྒྱུད་འཛིན་བློ་གྲོས་རྒྱལ་མཚན་གྱི་རྣམ་ཐར་མཁས་གྲུབ་དཔལ་ལྡན་དར་པོས་མཛད་པ། རྗེ་འགྱུར་གྱི་རྣམ་ཐར་བསྟོད་རིང་དལ་འབྱོར་ལུས་བཟང་མ། ཡང་སྐུ་བསྟོད་ཟླུམ་པ་ཆོས་རྗེ་རབ་མཛེས་ཟླ་བས་མཛད་པ། ཡང་བདག་བསྟོད་ཤོ་ལོ་ཀ་གསུམ་པ། ཆོས་དྲུག་གི་ཁྲིད་ཡིག་སྙིང་པོ་ཀུན་འདུས། གའུ་མ། ལམ་ཁྱེར་འཆི་མེད་རྣམས་ཀྱི་ཁྲིད་ཡིག་གྲུབ་ཆེན་གྱིས་མཛད་པ། འཆུག་མེད་མཁའ་སྤྱོད་ཀྱི་འཕོ་བའི་ཞལ་ཤེས་རྗེ་འགྱུར་མེད་ཀྱིས་ཡི་གེར་བཀོད་པ། རྗེ་ཀུན་དགའ་གྲོལ་མཆོག་གིས་མཛད་པའི་ནཻ་གུའི་ཁྲིད་ཡིག རྗེ་འགྱུར་མེད་ཀྱིས་མཛད་པའི་ནཻ་གུའི་རྣམ་བཤད་གྲོལ་བའི་དཔལ་སྟེར། བརྒྱུད་འདེབས་གནས་སྦྱར་མ་ཆེ་ཆུང་གཉིས། རྗེ་ཉིད་ཀྱིས་མཛད་པའི་ཆོས་དྲུག་རྒྱུན་གྱི་ཉམས་ལེན་རྣམས་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་ནཻ་གུ་