[A:157]མ། མཁས་གྲུབ་ཁྱུང་པོ་རྣལ་འབྱོར། རྨོག་ཅོག་པ་རིན་ཆེན་བརྩོན་འགྲུས། དབོན་སྟོན་ཐུགས་རྗེ་ཆེན་མོ། གཉན་སྟོན་སྦས་པའི་རྣལ་འབྱོར། འགྲོ་མགོན་སངས་རྒྱས་སྟོན་པ། མཁས་གྲུབ་གཙང་པ་ཤང་སྟོན། མུས་ཆེན་རྒྱལ་མཚན་དཔལ་བཟང་། བླ་མ་རྡོ་རྗེ་གཞོན་ནུ། མུས་ཆེན་ནམ་མཁའི་རྣལ་འབྱོར། བྱང་སེམས་སྦྱིན་པ་བཟང་པོ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། བརྒྱུད་འཛིན་བློ་གྲོས་རྒྱལ་མཚན། བུལ་རོང་པ་དཔལ་ལྡན་དར་པོ། ཞེ་དགོན་པ་བསོད་ནམས་རྩེ་མོ། ལོ་ཆེན་འགྱུར་མེད་བདེ་ཆེན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཉེ་བརྒྱུད་ནི། རྡོ་རྗེ་འཆང་། ནཻ་གུ་མ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། བརྒྱུད་འཛིན་པ་མན་འདྲ། ཡང་ན་གྲུབ་ཆེན་ནས། རས་ཆུང་བ་བསོད་ནམས་རྒྱ་མཚོ། རྣལ་འབྱོར་བསོད་ནམས་རྒྱལ་མཚན། འཇམ་མགོན་ཀུན་དགའ་གྲོལ་མཆོག རྗེ་འགྱུར་མེད་བདེ་ཆེན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་ས་སྐྱ་པ་ངག་དབང་ཨ་ནནྡ་ལའོ། ༈ །ཡང་མཁན་ཆེན་ཐམས་ཅད་མཁྱེན་པའི་དྲུང་དུ་ཁྲིད་ཀྱི་སྐོར་ཐོབ་པ་ལ། ཐོག་མར་དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་པ་ལྔའི་དམར་ཁྲིད་ཟབ་མོ་མར་ལུགས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བྱང་སེམས་བློ་གྲོས་རིན་ཆེན། འཕགས་པ་ཀླུ་སྒྲུབ་སྙིང་པོ། མཚན་གསང་བ་མ་ཏཾ་ཀི ཏི་ལོ་པ། ནཱ་རོ་པ། མར་པ་ལོ་ཙཱ། ཚུར་སྟོན་དབང་གི་རྡོ་རྗེ། མཁོན་གད་པ་ཀིརྟི། བྱ་ཁང་གསར་བ་བསོད་ནམས་རིན་ཆེན། ཐུར་ལ་ཚུལ་ཁྲིམས་