[A:158]སྐྱབས། གསེར་སྡིང་པ་གཞོན་ནུ་འོད། ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་མཁྱེན་འཕགས་འོད། བུ་སྟོན་ཐམས་ཅད་མཁྱེན་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཐུགས་སྲས་རིན་ཆེན་རྣམ་རྒྱལ། འཇམ་དབྱངས་གྲགས་པ་རྒྱལ་མཚན། བླ་མ་རིན་ཆེན་ཚུལ་ཁྲིམས། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། རྗེ་མཁྱེན་རབ་རིན་ཆེན་མཆོག་གྲུབ། རྗེ་རྡོ་རིང་པ། རྗེ་ཚར་ཆེན། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་ས་སྐྱ་པ་སྔགས་འཆང་ཨ་ནནྡ་ལའོ། ༈ །མཧཱ་མ་ཡའི་ཁྲིད་ཐོབ་པའི་བརྒྱུད་པ་ནི། ཐམས་ཅད་མཁྱེན་པ་མཁྱེན་བརྩེ་དབང་ཕྱུག་ཡན་དབང་གི་བརྒྱུད་པ་བཞིན། དེ་ལས་རྗེ་བཙུན་སྐལ་བ་བཟང་པོ། རྗེ་དབང་ཕྱུག་རབ་བརྟན། ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་སྔགས་འཆང་ཨཱ་ནནྡ་ལའོ། ༈ །སུམ་བྷ་ལོ་ཙཱ་བའི་སྙན་བརྒྱུད་ཀྱི་ཉམས་ཁྲིད་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་ཕག་མོ། རྗེ་བཙུན་མ་སྒྲོལ་མ། སུམ་བྷ་ལོ་ཙཱ་བ་དཔལ་མཆོག་དང་པོའི་རྡོ་རྗེ། རྗེ་ས་པཎ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། གྲུབ་ཆེན་བྲག་ཕུག་པ། བླ་མ་དམ་པ། བླ་ཆེན་ཀུན་དགའ་རྒྱལ་མཚན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རིང་པ། རྗེ་ཚར་ཆེན། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག རྗེ་བཙུན་སྐལ་བ་བཟང་པོ། རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་ཤྲཱི་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །གྲུབ་ཆེན་མི་ཏྲ་ཛོ་