[A:159]ཀིའི་ཐུགས་ཀྱི་བཅུད་སྙིང་པོ་དོན་གསུམ་གྱི་ཉམས་ཁྲིད་ཐོབ་པའི་བརྒྱུད་པ་ནི། འཕགས་པ་ཐུགས་རྗེ་ཆེན་པོ། བྱང་སེམས་བློ་གྲོས་རིན་ཆེན། གྲུབ་ཆེན་ཏི་ལོ་པ། རོལ་པའི་རྡོ་རྗེ། མི་ཏྲ་ཛོ་ཀི ཁྲོ་ཕུ་ལོ་ཙཱ་བ། བླ་ཆེན་བསོད་ནམས་དབང་ཕྱུག བླ་མ་སྤང་རྩེ་བ། ཚད་མའི་སྐྱེས་བུ་བསོད་ནམས་མགོན་པོ། བུ་སྟོན་ཐམས་ཅད་མཁྱེན་པ། ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཆེན་གྲགས་རྒྱལ། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། སྔགས་རབ་འབྱམས་པ་འཇམ་དཔལ་གྲགས་པ། མོན་རྫོང་རས་པ་ཟླ་བ་རྒྱལ་མཚན། དྲིན་ཅན་མཁྱེན་རབ་ཆོས་རྗེ། རྗེ་བཙུན་རྡོ་རིང་པ་ཆེན་པོ། རྗེ་ཚར་ཆེན་མན་འདྲ། ༈ །གྲུབ་ཆེན་རྣལ་འབྱོར་གྱི་དབང་ཕྱུག་ཤྲཱི་ཛ་ག་ཏ་མི་ཏྲ་ཨ་ནནྡའི་ཐུགས་ཀྱི་ཉིང་ཁུ། རྗེ་བཙུན་ཁྲོ་ཕུ་ལོ་ཙཱ་བ་ཆེན་པོའི་ཉམས་བཞེས་སེམས་ཉིད་ངལ་གསོའི་ཁྲིད་ཐོབ་པའི་བརྒྱུད་པ་ནི། འཕགས་པ་ཐུགས་རྗེ་ཆེན་པོ། བྱང་སེམས་བློ་གྲོས་རིན་ཆེན། ཏི་ལོ་ཤེས་རབ་བཟང་པོ། རོལ་པའི་རྡོ་རྗེ། གྲུབ་ཆེན་མི་ཏྲ་ཛོ་ཀི ཁྲོ་ཕུ་ལོ་ཙཱ་བ་ཆེན་པོ། བླ་ཆེན་བསོད་ནམས་དབང་ཕྱུག ཁྲོ་ཕུ་བ་བསོད་ནམས་སེང་གེ ཚད་མའི་སྐྱེས་བུ་སྤང་རྩ་བ་རིན་ཆེན་སེང་གེ བུ་སྟོན་ཐམས་ཅད་མཁྱེན་པ། ཐུགས་སྲས་སེམས་དཔའ་ཆེན་པོ། ཆོས་རྒྱལ་ནམ་མཁའི་མཚན་ཅན། མཁས་གྲུབ་ཟླ་བ་དཔལ་རིན། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། སྐུ་ཞང་མཁྱེན་རབ་ཆོས་རྗེ། རྗེ་བཙུན་རྡོ་རིང་པ་ཆེན་པོ། རྗེ་ཚར་ཆེན། རྗེ་མཁྱེན་བརྩེ་དབང་ཕྱུག རྗེ་བཙུན་སྐལ་ལྡན་བཟང་པོ། རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། དེས་ཨཱ་