[A:148]ས་ངམ་རིང་རྩེ་ཆེན་དང་དགུང་གྲངས་བརྒྱད་བཅུ་གྱ་གསུམ་བཞུགས།
བདག་ཆེན་དཔལ་ལྡན་ཆོས་སྐྱོང་། རྗེ་ངག་དབང་གྲགས་པ་གསུམ་མོ། ༈ །འཇམ་དབྱངས་ནམ་མཁའ་རྒྱལ་མཚན་ དགུང་གྲངས་རེ་བརྒྱད་བཞུགས།
གྱི་ལམ་འབྲས་གསན་པའི་བླ་མ་ནི། རྗེ་སངས་རྒྱས་མགོན་པོ་དང་། ས་ལུང་པ་མཁས་གྲུབ་ཤེས་རབ་རིན་ཆེན་གཉིས་སོ། ༈ །ཡང་ལམ་འབྲས་ཀྱི་བརྒྱུད་པ་དགེ་ཆུ་མ་བྱམས་པ་དཀོན་མཆོག་དཔལ་ནས་བརྒྱུད་པའི་ལུགས་ནི། བླ་མ་དམ་པ་ཡན་ཆད་ངོར་རྫོང་གཉིས་ཀ་འདྲ། དེ་ནས་རྣལ་འབྱོར་དབང་ཕྱུག་གཟུངས་དཔལ་བ། མཉམ་མེད་བཟང་པོ་རྒྱལ་མཚན། སེམས་དཔའ་ཆེན་པོ་རྒྱལ་མཚན་དཀོན་མཆོག་པ། གཙང་བྱམས་པ། རྒྱལ་བ་དཀོན་མཆོག་དཔལ། པཎ་ཆེན་ལྷ་དབང་བློ་གྲོས། རྗེ་མང་ཐོས་གསལ། རྗེ་ནགས་དགོན་པ་སྦྱིན་པ་གྲགས་པ། ༈ །ཡང་ན་ས་པཎ། ཚོགས་བསྒོམ་པ། ཉན་ཆེན་པ། གངས་ཁྲོད་པ། མ་ཏི་པཎ་ཆེན། ཐེག་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་གྲགས་པའི་དཔལ། བདག་ཆེན་དཔལ་ལྡན་ཆོས་སྐྱོང་། གཙང་བྱམས་པ་མན་སྔར་བཞིན། ༈ །ཡང་ན་མཉམ་མེད་བཟང་པོ་རྒྱལ་མཚན། མངའ་རིས་བླ་ཆེན་ཆོས་དཔལ་བཟང་པོ། གཙང་བྱམས་པ། བྱམས་པ་དཀོན་མཆོག་དཔལ་མན་གོང་བཞིན་ནོ། ༈ །ཡང་ལམ་འབྲས་ལོ་ཕུ་བ་ནས་བརྒྱུད་པའི་ལུགས་གཅིག་ནི། ཆོས་རྗེ་བོ་དོང་བ་དགེ་ལེགས་དཔལ་བཟང་པོ། ཨཱ་ནནྡ་མ་ཏི། གྲུབ་ཆེན་ཆོས་ཀྱི་རིན་ཆེན། རྗེ་སངས་རྒྱས་མགོན་པོ། འཇམ་དབྱངས་ནམ་མཁའ་རྒྱལ་མཚན་སོགས་སྔར་བཞིན་ནོ། ༈ །ཡང་རྫོང་ལུགས་ཀྱི་ལམ་འབྲས་བླ་མ་བརྒྱུད་པའི་རྣམ་ཐར་ཐོར་བུ་