[A:149]བ་འགའ་ཐོབ་པའི་རྣམ་གྲངས་ལ། འཇམ་སྐྱ་བོའི་རྣམ་ཐར། མཉམ་མེད་གྲགས་པ་རྒྱལ་མཚན་གྱི་རྣམ་ཐར། ཆོས་རྗེ་གཟུངས་པའི་རྣམ་ཐར། ཨཱ་ནནྡ་མ་ཏིའི་རྣམ་ཐར་ཚིགས་བཅད་མ་དང་ལྷུག་པ་གཉིས། ཐེག་ཆེན་ཆོས་ཀྱི་རྒྱལ་པོ་འཇམ་དབྱངས་གྲགས་པའི་རྣམ་ཐར། གྲུབ་ཆེན་ཆོས་རྗེའི་རྣམ་ཐར་ཚིགས་བཅད་མ་རྣམས་ཀྱི་ལུང་ཡང་ཐོས་པའི། ཐེག་ཆེན་པའི་རྣམ་ཐར་གྱི་བརྒྱུད་པ་ནི། རྫོང་པ་ཀུན་དགའ་རྒྱལ་མཚན། བདག་ཆེན་དཔལ་ལྡན་ཆོས་སྐྱོང་། གྲུབ་ཆེན་ཆོས་ཀྱི་རིན་ཆེན། དབོན་ཆེན་བརྩོན་འགྲུས་རྒྱ་མཚོ། རྗེ་སངས་རྒྱས་མགོན་པོ། རྗེ་ནམ་མཁའ་རྒྱལ་མཚན། རྗེ་ནམ་མཁའ་དབང་ཕྱུག རྗེ་བརྩོན་འགྲུས་འོད་ཟེར། རྗེ་སངས་རྒྱས་བཀྲ་ཤིས། རྗེ་ལོ་ཕུ་བ། དེས་བདག་ཨཱ་ནནྡ་ལའོ། ༈ །གཙང་བྱམས་པས་མཛད་པའི་བླ་མའི་རྣམ་ཐར་ངོ་མཚར་སྣང་བའི་ཁ་སྐོང་ཡང་ཐོས་པའི་བརྒྱུད་པ་ནི། རྗེ་དེ་ཉིད་ནས་བརྒྱུད་པའི་ལམ་འབྲས་ཀྱི་བརྒྱུད་པ་གོང་དུ་བཤད་པ་དང་འདྲ་ལ། ༈ །འཇམ་དབྱངས་གྲགས་པའི་དཔལ་གྱི་རྣམ་ཐར་གྱི་བརྒྱུད་པ་ནི། བདག་པོ་དཔལ་ཆོས་པ། གྲུབ་མཆོག་ཆོས་རིན་མན་གོང་དང་འདྲའོ། ༈ །ཡང་ལམ་འབྲས་ཀྱི་གེགས་སེལ་ནོར་བུའི་ཕྲེང་བ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་པས་མཛད་པ་དང་། ཚོགས་འཁོར་གྱི་ཟུར་འདེབས་རྗེ་ནམ་མཁའ་དབང་ཕྱུག་གིས་མཛད་པ་རྣམས་ཀྱི་ལུང་ཡང་ཐོས་པའི་བརྒྱུད་པ་ནི་གོང་གི་རྣམས་ཀྱིས་ཤེས་ལ། ༈ །ཡང་ལམ་འབྲས་རྡོ་རྗེའི་ཚིག་རྐང་གི་ས་བཅད་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་གྱིས་མཛད་པ་དང་། ལམ་འབྲས་དམར་བ་རང་དུ་ལམ་སྐོར་ཕྱི་མ་བརྒྱད་