[A:150]ཀྱང་འདུས་ཚུལ་གྱི་ཟབ་གནད་མཁས་གྲུབ་ས་ལུང་པས་མཛད་པ་རྣམས་ཀྱང་ཐོབ་པའི་བརྒྱུད་པ་ནི། གོང་གི་རྣམས་ཀྱིས་རྟོགས་པར་ནུས་ཤིང་། ༈ །ཡང་རྫོང་པ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་ཀྱཻ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་གི་ཆུ་བོ་བསྐུར་བའི་ཞལ་གདམས་གནད་ཀྱི་གསལ་བྱེད་ཀྱི་དཀའ་འགྲེལ་བདུད་རྩིའི་བུམ་པ། ཡང་དེས་མཛད་པའི་ཀྱཻ་རྡོ་རྗེའི་མངོན་རྟོགས་གསལ་བྱེད། དཀའ་འགྲེལ་རྒྱུད་དོན་གནད་ཀྱི་གསལ་བྱེད། ཕྱག་ལེན་འཁྲུལ་འཇོམས་ཆེ་ཆུང་གཉིས་དང་བཅས་པ་ཐོབ་པའི་བརྒྱུད་པ་ཡང་གོང་དུ་བཀོད་པ་རྣམས་ཀྱིས་ཤེས་པར་ནུས་ལ། ༈ །ཡང་ས་སྐྱ་པའི་ཡབ་ཆོས་རྩ་བརྒྱུད་བརྟག་པ་གཉིས་པའི་ལུང་བཤད་ཚུལ་བཞི་སྔོན་དུ་འགྲོ་བ་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བིརྺ་པ། ཌོམྦྷི་ཧེ་རུ་ཀ ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦ་རི་པ། བསོད་སྙོམས་པ། མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། འབྲོག་མི་ལོ་ཙཱ་བ། བླ་མ་མངའ་རིས་གསལ་བའི་སྙིང་པོ། མཁན་སྒྱི་ཆུ་བ། ས་ཆེན། ༈ །ཡང་ན། འབྲོག་མི། འཁོན་དཀོན་མཆོག་རྒྱལ་པོ། ས་ཆེན། ༈ །ཡང་ན་འཁོན་དཀོན་མཆོག་རྒྱལ་པོ། སེ་སྟོན་ཀུན་རིག ཞང་སྟོན་ཆོས་འབར་བ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན། ས་པཎ། འཕགས་པ། ཞང་པ། ནམ་ཟ་པ། བླ་མ་དཀོན་མཆོག་རྒྱལ་བ། བུ་སྟོན་དབང་ཕྱུག་དར། ཐེག་ཆེན་ཆོས་རྗེ་འཇམ་དབྱངས་གྲགས་པ། མཉམ་མེད་དཔལ་ལྡན་ཆོས་སྐྱོང་། བྱམས་པ་དཀོན་མཆོག་དཔལ། པཎ་ཆེན་ལྷ་དབང་བློ་གྲོས། རྗེ་དཀོན་མཆོག་དར་མ་རིན་ཆེན། འཇམ་དབྱངས་ནམ་མཁའ་རྒྱལ་