[A:༦༥བ]བ་དཀྲུགས་པའི་ཚེ། །ཉེས་སྤོང་ལུང་རིགས་ཤེས་པ་འགའ་ཡོད་དམ། །དེང་དུས་མཁས་མང་ངང་པའི་དེད་དཔོན་དང་། །གཞན་ཟེར་དབྱངས་སུ་ལེན་པའི་བུང་བ་ཡང་། །ཆོས་འདིའི་མཁའ་ལ་འདབ་བཟང་ཇི་བཞིན་དུ། །འཕུར་ལྡིང་བྱེད་འདི་མགོན་དེའི་དྲིན་མིན་ནམ། །གོང་མའི་བཞེད་གཞུང་མིང་གི་མཐར་བྱེད་ཅིང་། །ལམ་བཟང་བསྒོམ་ལ་འགྱོད་ཚང་གཞུང་འཛུགས་པའི། །འབྱུང་པོའི་རིགས་ལ་ཕེབས་པར་སྨྲ་བྱེད་ཅིང་། །རང་སྡེ་སྨོད་རྣམས་གདོན་གྱིས་མ་བཏབ་བམ། རྒྱལ་པོའི་འཕྲིན་དང་གཡོ་སྒྱུའི་སྦྱོར་བ་ཡིས། །འབད་པས་བསྒྲུབ་པའི་དད་པའི་རྗེས་འབྲང་གིས། །སྒྲ་འཛིན་དབང་པོ་གཞན་སྨོད་ངུར་མོ་ཡིས། །རྒྱུན་དུ་རྩེར་ལ་བསམ་སྦྱོར་གཞན་མེད་དམ། །ཆོས་བརྒྱད་འཁོར་དང་ཁྱིམ་ལ་འཁྲོན་པ་ཡི། །ཀུན་དཀྲིས་དབང་གིས་དགག་བསྒྲུབ་ཟོལ་སྦྱོར་མཁན། །ལུས་མེད་འདོད་པའི་བདེ་བ་བསྒྲུབ་རྣམས་ལ། །ཉུང་ངུའི་ཚིག་གིས་ལན་འདི་རིག་པར་སྨྲས། །གསུང་རབ་རྒྱ་མཚོའི་དོན་ལ་མ་ཕྱོགས་པར། །ལན་བརྒྱར་འཆད་དང་ཉན་པའི་གྲར་ཞུགས་ཀྱང་། །ཚིག་ཙམ་འདོན་པའི་ངལ་བས་དུས་འདའ་བའི། །བླུན་པོ་རྣམས་ཀྱིས་སྨད་པར་མ་གྱུར་ཅིག །འདི་སྦྱར་དགེ་བས་གསུང་ངག་ཡིད་བཞིན་ནོར། །སེམས་འཇལ་རྟོག་པའི་བྱི་དོར་གྱིས་སྦྱངས་ཏེ། །ཐོས་བསམ་བསྒོམ་པའི་རྒྱལ་མཚན་རྩེར་བཞག་ནས། །བློ་གསལ་མང་པོའི་མདུན་སར་བསྔགས་པར་ཤོག །འགྲོ་གསུམ་མཆོད་འོས་ཐུབ་བསྟན་གངྒཱའི་རྒྱུན། །ཉེས་བཤད་འཕྲོག་བྱེད་རྐང་པས་མ་བཅོས་པ། །བདག་བློ་སྐལ་ལྡན་ཤིང་རྟ་ལ་བརྟེན་ནས། །སྲིད་མཐར་འགྲོ་བའི་གདུང་བ་སེལ་བར་ཤོག །ཚེ་རབ་ཀུན་དུ་དལ་