[A:༦༦ན]འབྱོར་གྲུ་བོ་ཆེ། །འཕགས་ནོར་རིན་ཆེན་བདུན་ལྡན་ལེགས་ཐོབ་སྟེ། །འཕྲིན་ལས་བ་དན་དཀར་པོའི་ཐབས་མཁས་ཀྱིས། །རྣམ་གྲོལ་སྐུ་བཞིའི་གླིང་དུ་བགྲོད་པར་ཤོག །ཅེས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམ་ངག་གཞུང་ཇི་ལྟ་བ་བཞིན་དཀྲི་བའི་ལམ་གྱི་སྒོ་ནས་མཐའ་ཡས་པའི་འགྲོ་བ་རྣམས་འཆི་བ་མེད་པའི་གནས་སུ་འདྲེན་པར་བྱེད་པའི་ཕྱག་ལེན་གྱི་རིམ་པའི་ཆ་ཤས་ཕྱོགས་རེ་བ་གང་ཡིན་པ་དེ་དག་ལ་བཤེས་གཉེན་གཞན་གྱིས་བརྒལ་ཞིང་བརྟགས་པའི་ལན་རྣམ་པར་ངེས་པ་ཚངས་པའི་རིགས་སྔགས་ཞེས་བྱ་བ་འདི་ནི། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཡོངས་འཛིན་རཏྣ་ཝརྡྷ་ཡབ་སྲས་ཀྱི་གསུང་ངག་བདུད་རྩིས་སྐལ་བ་བཟང་པོར་བྱས་པ་ཤཱཀྱའི་དགེ་སློང་དཀོན་མཆོག་ལྷུན་གྲུབ་ཀྱིས་འཕགས་པའི་ཡུལ་ན་བི་རོ་དྷི་ཞེས་གྲགས་པ་ས་མོ་གླང་གི་ལོ། དེ་བཞིན་གཤེགས་པས་བདུད་དང་མུ་སྟེགས་ཕམ་པར་མཛད་པའི་དུས་ཆེན་ཆོ་འཕྲུལ་གྱི་ཟླ་བའི་དཀར་ཕྱོགས་བསིལ་ཟེར་བྱེད་པའི་དཀྱིལ་འཁོར་ལང་ཚོ་རབ་ཏུ་རྒྱས་པའི་ཉིན། ཤྲཱི་ཨེ་ཝྃ་ཆོས་ལྡན་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་ཀྱི་གཙུག་ལག་ཁང་ཆེན་པོའི་ཡང་སྟེང་དུ་ལེགས་པར་སྦྱར་བའོ། །ཡི་གེའི་འདུ་བྱེད་མངའ་རིས་ཡུལ་ལྗོངས་ཀྱི། །ཐིག་ལེར་རབ་སྐྱེས་བརྟུལ་ཞུགས་མཆོག་འཛིན་ཅིང་། །མང་ཐོས་ནོར་འཆང་ནམ་མཁའ་བརྟན་པ་ཡི། །སོར་མོའི་པད་དཀར་བཞད་པའི་ཟེའུ་འབྲུ་འོ། །འདིས་གསུང་ངག་རིན་པོ་ཆེའི་བསྟན་པ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པའི་རྒྱུར་གྱུར་ཅིག ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ། ཞེས་པ་དེ་རྣམས་ཀྱིས་བརྒལ་ལན་ཚངས་པའི་རིགས་སྔགས་ཉིད་