[A:༨༨ན]ཡོད་མེད་ཡིན། །ཕྱག་རྒྱའི་རྣལ་འབྱོར་ལ་རྟེན་ནས། །རྫོགས་རིམ་ཡེ་ཤེས་དངོས་སུ་བསྐྱེད། །ལྷན་སྐྱེས་ཚིམ་ནུས་རྣལ་འབྱོར་པ། །ཁོ་ནས་ཚོགས་འཁོར་བྱ་བ་དང་། །དེ་མེད་ཁྱིམ་པའང་དེ་དངོས་མེད། །རབ་བྱུང་བཟང་ཡང་དེ་འདྲ་བཀག །ཌོམྦྷི་བས་ཀྱང་ཕོ་མོ་གཉིས། །ངེས་པར་དགོས་པ་བཤད་ཅེས་ཟེར། །འོ་ན་སྔོན་གྱི་ལམ་འབྲས་པ། །ཀྱཻ་རྡོར་དབང་ཞུས་ཐམས་ཅད་ལ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་གང་། །དངོས་སུ་སྐྱེ་བར་འདོད་དམ་ཅི། །ལོ་རྒྱུས་ཀུན་ལས་ཚོགས་འཁོར་བཤད། །ཁྱད་པར་གྲུབ་ཆེན་བུདྡྷ་ཤྲཱི། །ཚོགས་འཁོར་མཛད་པའི་རྣམ་ཐར་ལྟོས། །རབ་བྱུང་ཚོགས་འཁོར་མི་རུང་ན། །དགེ་སློང་དཔའ་བོ་རྡོ་རྗེ་དེ། །ཚོགས་འཁོར་གཤེགས་པའང་མི་བདེན་ནམ། །འདི་རྣམས་བོད་ནས་བྱུང་རྒྱལ་སྨྲས། །ཚིམ་པ་དྲུག་པའི་ཉམས་ལེན་དང་། །མཆོག་དབང་གསུམ་པོ་མཚུངས་པའི་ཕྱིར། །ཚོགས་འཁོར་བཞིན་དུ་དེ་ལ་ཡང་། །དངོས་རྟགས་གཉིས་སུ་འབྱེད་དགོས་འགྱུར། །ཚོགས་འཁོར་དབང་བསྐུར་གཉིས་ཀ་ལ། །དངོས་རྟགས་འབྱེད་ན་རྟོག་བཟོ་ཡིན། །གཞན་ཡང་སྤྲོས་པ་འདི་ལྟར་བྲིས། །འཁྲུལ་སྤོང་ལས་ནི་ཚོགས་གྲལ་དུ། །སྡོམ་པ་འོག་མའི་བཅས་པ་དང་། །འགལ་བར་དོགས་ན་རྩ་ལྟུང་བཤད། །ཚོགས་འཁོར་མ་བྱས་ལྟུང་བཤད་མིན། །དངོས་ལན་ཐམས་ཅད་མཁྱེན་པ་ཡི། །དྲི་ལན་དུ་ནི་གསལ་བ་ལྟར། །བསྐྱེད་རིམ་བརྟན་པོ་ཡོད་པ་དང་། །མ་དད་བཟློག་ནུས་རྣལ་འབྱོར་པས། །ཚོགས་འཁོར་དངོས་སུ་བྱ་བ་དང་། །རབ་བྱུང་རྣམས་ལ་མིན་པར་གསུངས། །རྣལ་འབྱོར་ཚོགས་འཁོར་རུང་བ་དང་། །རབ་བྱུང་