R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨༨བ
[A:༨༨བ]ཚོགས་འཁོར་མི་བྱེད་པར། །དུས་འཁོར་བདེ་མཆོག་བཤད་ཅེས་ཟེར། །འདི་དག་གནད་ཀྱི་སྙིང་པོའི་ལན། །རྗེ་ཡི་རྩ་ལྟུང་འཁྲུལ་སྤོང་ལས། །རབ་བྱུང་ཕྱི་དྲོ་མི་བཟའ་བའང་། །བཅུ་གསུམ་པ་ཡི་ལྟུང་བས་འཇིགས། །ཅུང་ཟད་འཐུང་ཞིང་ཁ་ཟས་བརྟེན། །སྣོད་མིན་དྲུང་དུ་རབ་བྱུང་ལ། །དེ་སྐད་སྨྲ་ན་རྩ་ལྟུང་གསུངས། །ཚོགས་འཁོར་དུས་སུ་རབ་བྱུང་གིས། །བསླབ་པས་བཅིངས་ནས་ཆང་འཐུང་དང་། །ཕྱི་དྲོའི་ཁ་ཟས་བརྟེན་པ་ཡིས། །ལྟུང་བ་བྱུང་དོགས་མི་བརྟེན་པ། །རྩ་བར་གསུངས་ཤིང་ནད་པ་ཡི། །རེག་པ་ཙམ་ལས་མི་བརྟེན་ཡང་། །ཉེས་མེད་རིལ་བུ་བརྟེན་པ་ནི། །འདི་ཡི་སྐབས་ནི་མིན་ཞེས་གསུངས། །གལ་ཏེ་གོང་དུ་བཤད་པ་ལྟར། །བཅས་འགལ་དོགས་པས་རྩ་ལྟུང་སྟེ། །བཅས་འགལ་མེད་ནའང་བསྟན་པ་བསམ། །ཚོགས་འཁོར་མེད་ཕྱིར་མི་འགལ་ན། །འོ་ན་དེ་འདྲའི་དགོས་མེད་པའི། །རབ་བྱུང་ཚོགས་འཁོར་རུང་བར་མཐུན། །བསྟན་ལ་ཕན་ནམ་མིན་ཡང་རུང་། །དགོས་པ་གཙོ་བོར་རྗེ་བཙུན་བཞེད། །ཆང་ནི་འོ་མར་བསྒྱུར་ནུས་པ། །ཚོགས་འཁོར་ཆད་དུ་ཁྱེད་ཉིད་འདོད། །འོ་མའི་ལྟུང་བའི་ཉེས་པ་གང་། །དེ་ལ་མ་དད་ག་ལ་འོང་། །བསྟན་ལའང་གནོད་པར་ཇི་ལྟར་འགྱུར། །ནད་ལ་གནོད་པའང་དཀའ་བ་ཡིན། །གཞན་གྱི་རབ་བྱུང་ཚོགས་འཁོར་དུས། །ཤ་ཆང་བརྟེན་ཞེས་སྣོད་སྨིན་བསྒྲགས། །རང་གི་ཚོགས་འཁོར་མ་བྱས་པར། །ཁྱེད་ལ་ལྟུང་བ་གཉིས་སུ་འགྱུར། །ཚོགས་འཁོར་མ་བྱས་རྩ་ལྟུང་སྟེ། །མ་བརྟེན་པ་ཞེས་རྩ་བ་དང་། །འགྲེལ་པར་དམ་རྫས་མི་བརྟེན་ཞེས། །མ་མཐོང་ཕྱོགས་མཐོང་གཞན་ལ་སྨོད། །རང་ཉིད་ངོ་ཚ་གཞན་གྱིས་