R396: དཔལ་ལྡན་ས་སྐྱ་པའི་སྔགས་ཕྱོགས་ཀྱི་བསྟན་འཛིན་ངོར་རྫོང་རྣམ་གཉིས་ཀྱི་ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་ཕྱག་ལེན་གྱི་རིམ་པ་གཙོ་བོར་གྱུར་པའི་ཟབ་མོའི་གནད་འགའ་ཞིག་ལ་བཞེད་ཚུལ་མི་འདྲ་བའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བཤད་པ་ལུགས་གཉིས་གསལ་བའི་ཉིན་བྱེད།

  • Pagination (Witness A): ༩༧བ
[A:༩༧བ]པ་འདུག་ན་གཟིགས་ཤིག གཞན་ཡང་ཁྱོད་འདི་སྐད་ཟེར་ཏེ། རས་བྲིས་ཀྱི་དཀྱིལ་འཁོར་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་གཉིས་མཚུངས་པའི་རིགས་པ་བརྗོད་ནས་རས་བྲིས་ཀྱི་དཀྱིལ་འཁོར་ལ་གལ་ཏེ་སྟ་གོན་བསྐྱར་ཏེ་དབང་བསྐུར་རུང་ངོ་སྙམ་ན། རིགས་པ་དེ་རྡུལ་ཚོན་ལ་ཡང་མཚུངས་མོད། དབང་བསྐུར་ཚར་རེ་ལ་སྟ་གོན་ཚར་རེ་ངེས་པར་བྱ་དགོས་པར་ཚད་ལྡན་སུ་ཞིག་གིས་བཤད་སྨྲོས་ཤིག་ཟེར་རོ། །རས་བྲིས་དང་རྡུལ་ཚོན་མཚུངས་པ་མ་ཡིན་ཏེ། རས་བྲིས་ཀྱི་དཀྱིལ་འཁོར་གཅིག་ཉིད་དུ་སྦྱོར་དངོས་རྗེས་གསུམ་ཚང་བའི་ཆོ་ག་རེ་བྱས་ནས། སླར་ཡང་དེ་བཞིན་དུ་བྱས་པས་དབང་ཚན་མི་གཅིག་པ་མང་དུ་སྨིན་པ་མངོན་སུམ་དུ་མཐོང་ན་ཁྱོད་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་གཅིག་ཉིད་དུ་རས་བྲིས་ལྟར་གྱིས་ཤིག ཁོ་བོ་ཁྱོད་གྲུབ་པ་ཐོབ་པར་ཁས་བླངས་སོ། །རྒྱ་གཞུང་དང་བོད་གཞུང་གི་དབང་གི་ཡིག་ཆ་ཚད་ལྡན་ཐམས་ཅད་དབང་བསྐུར་ཚར་རེ་ལ་སྟ་གོན་ཚར་རེ་དགོས་པའི་བཤད་པ་དང་ལག་ལེན་ཁོ་ན་ཡིན་ན་སེམས་རྣལ་དུ་ཕོབ་ཅིག དཔལ་དགེས་པ་རྡོ་རྗེའི་རས་བྲིས་དང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་བ་ལ་སྟ་གོན་མི་དགོས་ཞེས་སྨྲ་ཞིང་། ལག་ལེན་དུ་བྱེད་པ་ཁྱོད་མིན་སུ་ཡང་མ་བྱུང་ངོ་། །དེས་ན་རྡུལ་ཚོན་དཀྱིལ་འཁོར་ཁོ་ན་སྨིན་བྱེད་དུ་འདོད་པའི་གྲུབ་མཐའ་འདི་དང་། དད་པའི་རྗེས་འབྲང་གི་སློབ་ཚོགས་མང་བ་འདི་དང་། རྡུལ་ཚོན་ཡང་ནས་ཡང་དུ་འབྲི་མི་ནུས་པའི་ལས་རྩེགས་འདི་གསུམ་གྱིས་རྡོ་རྗེ་ཐེག་པའི་བསྟན་པ་རྨང་ནས་ཞིག་པ་མ་མཁྱེན་པའི་རྡོ་རྗེ་སློབ་དཔོན་མང་དུ་མཐོང་ངོ་། །སྐལ་བ་དང་ལྡན་པའི་གདུལ་བྱ་འདུག་ན་ཟོན་གྱིས་