[A:༩༧ན]སྟ་གོན་ཚར་གཅིག་བྱས་པས། ཁྱོད་རང་གི་ཚེ་རིལ་པོ་དབང་བསྐུར་བའི་སྟ་གོན་གྱི་གོ་ཆོད་པར་འགྱུར་ཏེ། ཁྱོད་རང་གི་སྟ་གོན་བྱས་པའི་སྐབས་དོན་དག་སྟ་གོན་ཚར་གཅིག་པོ་དེས་འགྲུབ་པའི་ཕྱིར་དང་། རྡུལ་ཚོན་གྱི་དཀྱིལ་འཁོར་གཅིག་གིས་སློབ་མ་བརྒྱ་སྟོང་གྲངས་མེད་པ་སྨིན་གྱིན་འདུག་པའི་ཕྱིར་རོ། །ལེགས་པར་སོམས་ལ་སྨྲོས་ཤིག ཡང་དཀྱིལ་འཁོར་དེ་དང་ཚོགས་དེ་དག་འབྲེལ་བའི་ཕྱིར། ཟེར་བའི་དོན་ཅི། གལ་ཏེ་ཚོགས་དེ་དག་གི་དོན་དུ་བཞེངས་པ་ལ་ཟེར་བ་ཡིན་ན། རྡུལ་ཚོན་གྱི་དཀྱིལ་འཁོར་དེས་སེམས་ཅན་ཐམས་ཅད་སྨིན་པར་གྱིས་ཤིག ཡང་རིགས་སྔགས་མཁན་པོ་ན་རེ། སྒྲུབ་མཆོད་ཀྱང་ཉིན་ཞག་དུ་མ་སྦྲེལ་ནས་བྱ་མི་རུང་བར་འགྱུར་ཏེ། སྒྲུབ་མཆོད་ཕྱི་མ་རྣམས་ལ་སྟ་གོན་གྱི་འབྲེལ་པ་མེད་པའི་ཕྱིར་ཞེས་ཟེར་རོ། །དེ་ནི་མཁྱེན་པ་ཆུང་པ་སྟེ། སྟ་གོན་དང་དངོས་གཞི་གཉིས་ཀྱི་དབང་ལེན་མི་རྟེན་གྱི་གང་ཟག་གཅིག་ཡིན་པའི་ཕྱིར་དེ་འདྲའི་མཚུངས་པ་ཡ་མཚན་ནོ། །དེའི་ཕྱིར་རྗེ་བཙུན་གྱིས་གཤིན་པོ་རྗེས་འཛིན་གྱི་སྐབས་སུ། སྟ་གོན་ནུབ་གཅིག དངོས་གཞི་ནུབ་དྲུག་སྟེ་ནུབ་བདུན་དུ་གསུངས་ནས། སླར་ཡང་བདུན་ཚིགས་ཀྱི་སྦྱོང་བ་ན། འཆི་ཆུང་གི་དབང་གིས་རྟེན་མི་གཅིག་པའི་ཕྱིར། སྟ་གོན་ནས་མགོ་བརྩམས་ཏེ་སྔར་བཞིན་དུ་བྱ་བར་གསུངས་ཤིང་། ཞེ་དགུའི་བར་དུ་བྱེད་ན་ཡང་ཞག་བདུན་རེ་ནས། སྟ་གོན་ནས་མགོ་བརྩམས་ཏེ་བྱ་བར་གསུངས་པ་འདི་ཉིད་ཀྱིས་ཀྱང་ཁྱོད་ལྟར་སྟ་གོན་གྱིས་མ་སྦྱངས་པའི་གང་ཟག་ཐ་དད་པ་བརྒྱ་ཕྲག་ལ་དངོས་གཞི་ལོ་དང་ཟླ་བའི་བར་དུ་བྱེད་པ་འདི་ལེགས་པར་བཀག་པ་ཡིན་ཏེ་རྣམ་དཔྱོད་ཀྱི་མཁྱེན་