[A:༡༠༡ན]འབྱུང་། ཨྃ་ཉིད་ལས་ལོགས་སུ་གྱུར་པ་ཞིག་འདོད་དགོས་པའི་ཕྱིར། འཁོར་གསུམ། ཨཾ་ལས་ལོགས་སུ་གྱུར་པའི་རིན་འབྱུང་ཁས་བླངས་དགོས་པར་འགྱུར་ཏེ། སངས་རྒྱས་ལས་ལོགས་སུ་གྱུར་པའི་ཆོས་ཁས་བླངས་པའི་ཕྱིར་ཏེ། སངས་རྒྱས་ལས་བྱུང་པའི་ཆོས་སངས་རྒྱས་ཉིད་ལས་ལོགས་སུ་ཁས་བླངས་པའི་ཕྱིར། བྷྲུྃ་ལ་སོགས་པ་ཕོ་བྲང་ལྔའི་ས་བོན་ཡིན་པར་བསྟན་ན། ས་བོན་ལས་མི་བསྐྱེད་པ་ཅི། ས་བོན་གྱི་དོན་གང་། རིག་པའི་དབང་ལྔའི་ཚེའང་ས་བོན་ལས་བསྐྱེད་པའི་དོན་ཡིན་ཞེས་པ་བློ་གྲོས་ཀྱི་འཆར་སྒོ་ཡ་མཚན་ཆེ། དང་པོའི་ལས་ཅན་ལ་གཅིག་ཤེས་འཁྲུལ་གཞི་ཆུང་ཞེས་པ་རྗེ་བཙུན་གོང་མ་རྣམས་ཀྱིས་བརྟན་པ་ཐོབ་པའི་གང་ཟག་འབའ་ཞིག་གི་ངག་འདོན་དུ་གསུངས་པ་ལགས་སམ། མ་མཁྱེན་པ་གང་ལགས། ལས་ཞེས་པའི་འབྱུང་ཚིག་སྨོས་པས་ངན་པར་གྱུར་དུ་དོགས་ན། གཏུམ་མོའི་ཨྃ་ལས་མེ་འབྱུང་བ་དང་། སྤྱི་བོའི་ཧྃ་ལས་བྱང་སེམས་འབབ་པ་རྣམས་ལ་ཇི་ལྟར་འཆོས་ལགས་བསམ་མནོ་ཐོངས་ལ་སྨྲོས་ཤིག རྒྱས་བཏབ་ཀྱི་སྐབས་སུ། རིགས་སྔགས་མཁན་པོ་ན་རེ། ཁྱོད་ཀྱི་ཁོ་བོ་ཅག་ལ་གནོད་བྱེད་དུ་དྲངས་པའི་སྲས་དོན་མ་དང་། འཕགས་པའི་གསུང་གཉིས་ལ་འགལ་སྤོང་བྱས་པ་དེས་ནི། ཁོ་བོ་ཅག་གི་འདོད་པ་ལེགས་པར་གྲུབ་པ་ཡིན་ཏེ། འདི་ལྟར་ལུས་དཀྱིལ་གྱི་ལྷ་ཐམས་ཅད་ལ་རྡོ་རྗེ་སེམས་དཔས་རྒྱས་བཏབ་པ་དང་། རང་རང་གི་གཙོ་བོས་རྒྱས་བཏབ་པ་མི་མཐུན་པར་སེམས་པ་ནི་བརྒྱུད་པའི་མན་ངག་མེད་པར་ཡི་གེ་ལ་ཐུག་འཕྲད་བྱས་པའི་སྨྲ་བ་སྟེ། འདིར་རྡོ་རྗེ་སེམས་དཔའ་རང་རང་གི་རྒྱུ་རྡོ་རྗེ་འཛིན་པ་ཡིན་